ཞི་ཅིན་ཕིང་གིས་དངོས་མང་སྟོན་ཚོགས་འདིར་ཤིས་འཕྲིན་སྤྲིངས་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-21



     རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་9པའི་ཚེས་19ཉིན་སྐབས་བདུན་པའི་ཀྲུང་གོ—ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་དངོས་མང་སྟོན་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།

    ཞི་ཅིན་ཕིང་གིས། ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེན་པོའི་ཐོག་གོང་འཕེལ་གྱི་གསོན་ཤུགས་དང་མི་མངོན་པའི་སྟོབས་ཤུགས་ཀྱི་ཁེངས་ཡོད་པས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་ཀྱི་གཙོ་གནད་ཁྱབ་ཁོངས་ཤིག་རེད།    ཉེ་ལམ་ལོ་ཤས་རིང་།   ཀྲུང་གོའི་ཤིན་ཅང་གིས་ས་ཁོངས་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ནས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་སྲོག་ཤིང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་།  ཀྲུང་གོ་དང་ཨེ་ཤེ་ཡ་དང་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་མཉམ་འབྲེལ་མཉམ་མཐུད་དང་། གཉིས་ཕན་མཉམ་ལས།  ཐུན་མོང་གོང་འཕེལ་བཅས་ལ་སྐུལ་འདེད་བཏང་བར་ཕན་འབྲས་ཆེན་པོ་ཐོན་ཡོད་ཅེས་བསྟན་པ་དང་། 


   ཞི་ཅིན་ཕིང་གིས།  ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་ཀྲུང་གོ—ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་དངོས་མང་སྟོན་ཚོགས་སྟེགས་བུར་བྱས་ཏེ་ཞི་བདེ་མཉམ་ལས་དང་། སྒོ་དབྱེ་ཁོང་ཡངས།  ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ།   གཉིས་ཕན་མཉམ་རྒྱལ་བཅས་ཀྱི་དར་གོས་ལམ་བུའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཚད་གཞི་མཐོ་བ་དང་། རྒྱུན་མཐུད་རུང་བ།   དམངས་འཚོར་ཕན་པ་བཅས་རྒྱུན་འཁྱོངས་ཀྱིས་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་མཉམ་ལས་ཁྱབ་ཁོངས་ཟམ་མི་ཆད་པར་རྒྱ་ཆེར་གཏོང་བ་དང་། ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཐུན་མོང་གོང་འཕེལ་དང་དར་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་སྟོན་གནང་བ་རེད།  


   སྐབས་བདུན་པའི་ཀྲུང་གོ—ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་དངོས་མང་སྟོན་ཚོགས་སྤྱི་ཚེས་19ཉིན་ཤིན་ཅང་ཝུའུ་ལུའུ་མུའུ་ཆིར་གཉེར་འགོ་ཚུགས་པ་དང་། བརྗོད་དོན་གཙོ་བོ་ནི་“མཉམ་གྲོས་དང་མཉམ་འཛུགས་མཉམ་སྤྱོད་མཉམ་ལས་བཅས་བྱས་ནས་མ་འོངས་བསུ”ཞེས་པ་དེ་ཡིན་ཞིང་། ཚོང་དོན་པུའུ་དང་། ཕྱི་འབྲེལ་པུའུ།   ཀྲུང་གོའི་ཉོ་ཚོང་སྐུལ་འདེད་ཚོགས་པ།   ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སོགས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1