བོད་ཀྱི་ཁབ་བསླས་གྱོན་ཆས་དུས་གོས་འགྲེམས་སྟོན་འདི་ལ་ཞུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-23


  

   2022ལོའི་པེ་ཅིང་དུས་གོས་འགྲེམས་སྟོན་གཟའ་འཁོར་ཐོག  བོད་ཀྱི་འཚེམ་དྲུབ་རིགས་ཀྱི་གྱོན་ཆས་ཆ་ཚང་40ཙམ་གྱིས་ལྟད་མོ་བར་བོད་ཀྱི་སྲོལ་རྒྱུན་རྒྱན་གོས་རིག་གནས་ཀྱི་དར་སྲོལ་ལ་རོལ་མྱོང་ཐེངས་གཅིག་བྱེད་དུ་བཅུག  འདི་ནི་བོད་ལྗོངས་གླིང་སྣེ་གསུམ་པའི་བལ་འཐག་ཐོན་ལས་ཚད་ཡོད་ཀུང་སིས་པེ་ཅིང་གྱོན་ཆས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀུའོ་རུའེ་ཕིང་དང་མཉམ་དུ་བཏོན་པའི“ལྷན་སྐྱེས་ཏེ། སའི་གོ་ལའི་གླིང་སྣེ་གསུམ་པའི་དུས་གོས་བསྒྲགས་ཚོགས་འདུ”ཞིག་རེད། 

  

   ཟླ་9ཚེས་15ཉིན་ནས་ཚེས་22ཉིན་བར། 2022ལོའི་པེ་ཅིང་དུས་གོས་གཟའ་འཁོར་གྱིས་“མ་འོངས་པར་ཕྱོགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ཝང་ཕུའུ་ཅིང་དང་། ལུང་ཕུའུ་རིག་གནས་ལྟེ་གནས། ཀྲང་ཅ་ཝན་ཇུས་འགོད་གྲོང་རྡལ་ཆུང་ངུ་སོགས་པེ་ཅིང་གི་དར་སོ་ཆེ་བའི་རིག་གནས་ཁུལ་དུ་དྲ་ཐོག་དང་ཡུལ་དངོས་ཀྱི་བྱེད་སྒོ་ཐེངས་མང་སྤེལ་བ་རེད། 

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1