ཞིང་ཆེན་རིམས་ནད་འགོག་ཟོན་ཆེད་དོན་ལྟ་ཞིབ་ཚོ་ཆུང་དཀར་མཛེས་ཁུལ་དུ་བཅའ་སྡོད་བྱས་ནས་ལས་དོན་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-26




        སྤྱི་ཟླ9པའི་ཚེས19ཉིན། སི་ཁྲོན་ཞིང་ཆེན་རིམས་ཚུལ་འགོག་ཟོན་ཆེད་དོན་ལྟ་ཞིབ་ཚོ་ཆུང་གི་ཚོ་ཆུང་བཅུ་པ་དཀར་མཛེས་ཁུལ་དུ་བཅའ་སྡོད་བྱས་པའི་ངོ་འཕྲད་ཚོགས་འདུ་འཚོགས་པ་རེད།

        ཚོགས་འདུའི་ཐོག་ཞིང་ཆེན་རིམས་ཚུལ་འགོག་ཟོན་ཚོ་ཆུང་གིས་ཞིང་ཆེན་རིམས་ཚུལ་འགོག་ཟོན་ཆེད་དོན་ལྟ་ཞིབ་ལས་ཀའི་འབྲེལ་ཡོད་བླང་བྱ་བརྒྱུད་བསྒྲགས་བྱས་ཤིང་། དཀར་མཛེས་ཁུལ་གྱིས་རིམས་ཚུལ་འགོག་ཟོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་ཀའི་གནས་ཚུལ་གྱི་སྙན་ཞུར་ཉན་འཇོག་བྱས་པ་རེད།

        ཞིང་ཆེན་ལྟ་ཞིབ་ཚོ་ཆུང་གིས་རྒྱུན་རྣམ་ཅན་གྱི་རིམས་ཚུལ་འགོག་ཟོན་གྱི་བྱེད་ཐབས་སྔར་བས་དོན་འཁྱོལ་བྱས་ཏེ་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་ཉིང་སྐྱུར་དཔེ་དཔྱད་ལམ་སྲོལ་བཙུགས་ནས་ལས་རེས་སོ་ལྟ་ལྟ་ཞིབ་ཚད་ལེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པ་དང་། ཕྱི་ནས་ཁྱབ་མཆེད་ཡོང་བར་འགོག་སྲུང་བྱེད་པའི་འཛིང་རགས་བརྟན་དུ་བཏང་ནས“སི་ཁྲོན་དུ་བསྐྱོད་ན་དཔེ་དཔྱད་དགོས་པའི”བྱེད་ཐབས་ལག་བསྟར་ནན་པོ་བྱས་ཏེ། མི་སྣ་འགྲོ་འོང་ལ་འགོག་ཟོན་བཙན་སྡོམ་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ཁུངས་གྲབས་གསོག་འདང་ངེས་ཡོང་བར་འགན་ལེན་བྱེད་པ་དང་དྲིལ་བསྒྲགས་ཁྲིད་སྟོན་ལ་སྣང་ཆེན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

        ཞིང་ཆེན་ལྟ་ཞིབ་ཚོ་ཆུང་གིས་ལྟ་སྐུལ་ཞིབ་བཤེར་ལ་ལྟ་སྟངས་ཡང་དག་འཛིན་པར་མ་ཟད་ལས་ཀའི་སྒྲིག་ལམ་ནན་པོར་སྲུང་དགོས། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བར་བྱ་དགོས། རིམས་ཚུལ་འགོག་ཟོན་དེ་ཆབ་སྲིད་ཀྱི་ལས་འགན་ཆེ་ཤོས་སུ་བརྩིས་ནས་ད་ཐེངས་ཀྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ལས་དོན་བརྒྱུད་གནད་དོན་སྔར་བས་ཤེགས་རྟོགས་དང་གནད་དོན་ཐག་གཅོད་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་དང་སྔོན་རྗེས་ཀྱི་རིམས་ཚུལ་འགོག་ཟོན་ལས་དོན་དམ་འཛིན་ཡག་པོ་བྱ་རྒྱུ་དང་། རྒྱུན་རྣམ་ཅན་གྱི་འགོག་ཟོན་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་གཅིག་གྱུར་ངང་དམ་འཛིན་ཡག་པོ་བཅས་བྱས་ནས་གཞི་ཁྱོན་ལྡན་པའི་རིམས་ཚུལ་མི་ཐོན་པའི་མཐའ་ཚད་བསྲུངས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་ཞུ་དགོས་ཞེས་བླང་བྱ་བཏོན་པ་རེད།

        ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི། ཁུལ་དཔོན་གཞོན་པ་ཧོ་ཞའོ་ཕིང་གིས་དཀར་མཛེས་ཁུལ་གྱི་ཚབ་ཞུས་ནས་ཚོགས་འདུའི་ཐོག་དཀར་མཛེས་ཁུལ་གྱི་གནད་དོན་འཕྲལ་དུ་ལག་ལེན་བསྟར་ཞིང་འཕྲལ་དུ་བཅོས་སྒྲིག་བྱ་རྒྱུར་འགན་ལེན་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་དང་རྒྱུན་རྣམ་གྱི་ཡུན་ཕན་བྱ་རྒྱུ་ཡིན་པ། ལྟ་ཞིབ་ཚོ་ཆུང་གིས་ད་ཐེངས་ཀྱི་རིམས་ཚུལ་འགོག་ཟོན་གྱི་ཆེད་དོན་ལ་དམིགས་ནས་ལྟ་ཞིབ་ཁྲོད་ཤེས་རྟོགས་དང་ལྡོག་འདྲེན་བྱེད་པའི་གནད་དོན་ལ་མཐོང་ཆེན་ཚད་མཐོན་པོ་དང་ལྷག་བསམ་ཟོལ་མེད་ཀྱིས་དང་ལེན་བྱ་རྒྱུ་ཡིན་ཞེས་གསུང་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1