ནང་ལོགས་ས་ཁུལ་གྱི་དྲ་རྒྱའི་རྒྱན་སྐུག་གྱོད་གཞི་ཆེས་ཆེ་བ་རྩད་ཆོད་ནས་ཁྱབ་བསྒྲགས་བྱས་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-02


ཀོང་ཏུང་ཞིང་ཆེན་སྤྱི་བདེ་ཐིང་གིས་རྙེད་པའི་རྒྱན་སྐུག་ཡོ་བྱད་ཕོན་ཆེན་པོ།

               སྤྱི་ཟླ་4པའི་ཚེས་1ཉིན་གྱི་ཞོགས་པར། ཀོང་ཏུང་ཞིང་ཆེན་སྤྱི་བདེ་ཐིང་གི་ཏང་ཨུའི་ཨུ་ཡོན་དང་། གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ལུའུ་ཧྥུན་གྱིས་གསར་འགོད་ཁྱབ་བསྒྲགས་ཚོགས་འདུའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། མིག་སྔར། ཀོང་ཏུང་ཞིང་ཆེན་གྱིས་བདེ་བླག་ངང་221གི་དྲ་རྒྱའི་རྒྱན་སྐུག་གྱོད་དོན་ཆེན་པོ་དེ་རྩད་ཆོད་ཁྱབ་བསྒྲགས་བྱས་ཡོད་ཅིང་། རྒྱལ་ཁབ་བཙུགས་ཚུན་ཆད་ཀྱི་དྲ་རྒྱའི་རྒྱན་སྐུག་ཆེ་ཤོས་དེ་ལ་རྡུང་རྡེག་ཚ་ནན་བཏང་ཡོད་ལ། དངུལ་འཇོག་བྱེད་མཁན་གཙོ་བོ་ཡན་གྱི་རྩ་འཛུགས་མི་སྣ་བསྡོམས་པས་1071འཛིན་བཟུང་བྱས་ཡོད། དྲ་རྒྱ་འདིའི་ཟླ་རེའི་མ་འཇོག་གྲངས་འབོར་སྒོར་དུང་ཕྱུར་4000ལས་བརྒལ་ཡོད་པས། ཀོང་ཀྲོའུ་ཡི་GDPབསྡོམས་འབོར་གྱི་1/4ཟིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1