རིམས་ནད་དང་འབྲེལ་བའི་སྨན་བཅོས་གད་སྙིགས་བདེ་འཇགས་སྒོས་ཐག་གཅོད་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 09-26



འབར་ཁམས་ས་ཁུལ་གྱི་སྨན་བཅོས་གད་སྙིགས་ཐག་གཅོད་ཚོ་ཆུང་གིས་རིམས་ནད་དང་འབྲེལ་བའི་སྨན་བཅོས་གད་སྙིགས་བདེ་འཇགས་སྒོས་ཐག་གཅོད་བྱས། 


 

       སྨན་བཅོས་བེད་མེད་གད་སྙིགས་ཐག་གཅོད་ཚོ་ཆུང་གིས་ལོགས་བཀར་ས་ཚིགས་10དང་སྨན་ཁང་3དུ་རིམས་ནད་དང་འབྲེལ་བ་ཡོད་པའི་སྨན་བཅོས་གད་སྙིགས་བསྡུ་རུབ་བྱེད་ས་བཀོད་སྒྲིག་བྱས་ཡོད། དེའི་ནང་ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་ཡིན་པ་དང་དེར་འབྲེལ་འདྲིས་བྱེད་མཁན། འབྲེལ་འདྲིས་ཟབ་མོ་བྱེད་མཁན་སོགས་ལས་ཐོན་པའི་གད་སྙིགས་དང་ལས་དོན་མི་སྣས་སྤྱོད་མྱོང་བའི་འགོག་སྲུང་མཁོ་ཆས་སོགས་ཚང་མ་རིམས་ནད་དང་འབྲེལ་བ་ཡོད་པའི་སྨན་བཅོས་གད་སྙིགས་ཀྱི་དཔྱད་གཞིར་བཟུང་ནས་ཐག་གཅོད་བྱེད་ཀྱི་ཡོད་ཅེས་འབར་ཁམས་གྲོང་ཁྱེར་སྨན་བཅོས་གད་སྙིགས་ཐག་གཅོད་ཚོ་ཆུང་གི་ཁོངས་མི་ཀྲོའུ་ཐེན་ཨེ་ཡིས་གསར་འགོད་པར་དེ་ལྟར་བཤད། ཐེངས་འདིའི་རིམས་ནད་བྱུང་བ་ནས་བཟུང་གྲོང་ཁྱེར་ཡོངས་སུ་རིམས་ནད་དང་འབྲེལ་བ་ཡོད་པའི་སྨན་བཅོས་གད་སྙིགས་སྔར་བས་མང་དུ་ཕྱིན་པ་དང་། སྨན་བཅོས་གད་སྙིགས་ཐག་གཅོད་ཚོ་ཆུང་གིས་ཉིན་ལྟར་ལུགས་མཐུན་དང་། བདེ་འཇགས། ཕན་ནུས་ཆེ་བ་བཅས་ཀྱི་སྒོ་ནས་སྨན་བཅོས་གད་སྙིགས་ཐག་གཅོད་བྱས་ནས་རིམས་ནད་འགོག་བཅོས་ཀྱི་མཇུག་སྣེའི་འགོག་སྲུང་འཛིང་རགས་ཇེ་བརྟན་དུ་བཏང་ཡོད།

       ཉིན་ལྟར་ཞོགས་པའི་ཆུ་ཚོད་7པར། འབར་ཁམས་གྲོང་ཁྱེར་སྨན་བཅོས་གད་སྙིགས་ཐག་གཅོད་ཚོ་ཆུང་གི་ཁོངས་མི་ཚོ་ལོགས་བཀར་ས་ཚིགས་ཁག་ཏུ་བསྐྱོད་དེ་སྨན་བཅོས་གད་སྙིགས་བསྡུ་རུབ་བྱེད་མཁན་ལ་ཡུལ་དངོས་སུ་གསལ་སྟོན་དང་འགྲེལ་བཤད་བྱས་པ་དང་། སྨན་བཅོས་གད་སྙིགས་བསྡུ་རུབ་བྱེད་མཁན་ལ་ཡང་དག་པ་དང་བདེ་འཇགས་ངང་དུག་སེལ་དང་། བསྡུ་རུབ། ཐུམ་སྒྲིལ་བྱེད་པ་བཅས་ཀྱི་བྱ་བར་མཛུབ་སྟོན་བྱས་ནས་བདེ་འཇགས་འགན་ལེན་གྱི་སྔོན་འགྲོའི་ཆ་རྐྱེན་འོག་དེ་དག་ཚད་ལྡན་སྒོས་བསྒྲུབ་པ་དང་དེ་དང་ཆབས་ཅིག་བཙོག་ཆུ་དུག་སེལ་དང་རྩིས་ཁྲ་ཐོ་འགོད་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་མཛུབ་སྟོན་བྱས། སྨན་བཅོས་གད་སྙིགས་ཐག་གཅོད་ཀུང་སི་དང་སྦྲེལ་མཐུད་བྱས་ནས་ལོགས་བཀར་ས་ཚིགས་ཚང་མས་ཉིན་དེར་ཐོན་པའི་སྨན་བཅོས་བེད་མེད་གྲངས་འབོར་བསྡོམས་རྩིས་དང་། སྨན་བཅོས་ལ་མཁོ་བའི་འཁོར་རྒྱུག་སྒམ་དང་སྐྱེལ་འདྲེན་རླངས་འཁོར་མཐུན་སྦྱོར་བྱས་ཏེ། མཚན་མོར་སྐྱེལ་འདྲེན་རླངས་འཁོར་ལོགས་བཀར་ས་ཚིགས་སུ་སོང་ནས་བསྡུ་རུབ་བྱེད་ཀྱིན་ཡོད།

 


       ཤེས་རྟོགས་བྱུང་བ་ལྟར་ན། ལོགས་བཀར་ས་ཚིགས་ཀྱི་ལས་དོན་མི་སྣས་རིམས་ནད་དང་འབྲེལ་བ་ཡོད་པའི་སྨན་བཅོས་གད་སྙིགས་བསྡུ་རུབ་བྱས་རྗེས་བར་ཁུལ་དུ་ཁྱེར་ཏེ་སྔོན་ལ་དུག་སེལ་དང་། དེ་ནས་ཕྱི་ཐུམ་གཉིས་བརྒྱབ་དེ་ཁ་སྡོམ་སྒམ་དུ་བཞག་ནས་རླངས་འཁོར་ནང་དབོར་འདྲེན་བཅས་བྱེད་པའི་གོ་རིམ་ལྟར་སྨན་བཅོས་གད་སྙིགས་དབོར་དགོས། འགོས་ནད་ཀྱི་འབྱུང་ཁུངས་ཡོད་སྲིད་པའི་རིགས་ཕྱིར་མི་ཁྱབ་པར་སྔོན་འགོག་བྱེད་ཆེད། ལས་ཀའི་རིམ་པ་རེ་རེ་བཞིན་ནན་ཏན་ངང་དུག་སེལ་བྱེད་དགོས་ལ། དེ་རྗེས་རིམས་ནད་དང་འབྲེལ་བ་ཡོད་པའི་སྨན་བཅོས་གད་སྙིགས་དག་མའོ་རྫོང་གི་སྨན་བཅོས་གད་སྙིགས་ཐག་གཅོད་ལྟེ་གནས་སུ་དབོར་ཆོག་པ་དང་ལམ་བར་དུ་རླངས་འཁོར་འདུག་མི་ཆོག་པ་དང་དེར་འབྱོར་དུས་དུག་སེལ་ཐེངས་3བྱས་ནས། མཐར་དུས་སེལ་ཡང་དག་བྱས་པའི་སྨན་བཅོས་གད་སྙིགས་དྲོད་ཚད་མཐོ་བའི་འབུ་ཕྲ་གསོད་སའི་སྒམ་ནང་བཞག་ནས་མེབ་བསྲེགས་པར་མ་ཟད། སྨན་བཅོས་ལ་མཁོ་བའི་འཁོར་སྒམ་ལ་སླར་ཡང་དུག་སེལ་བྱེད་དགོས།


རྩོམ་ཡིག་སྔོན་མ།
དཔྱད་ཕྲན།
རྩོམ་ཡིག་རྗེས་མ།
སྣང་བ་རང་ཡན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1