ལོ་ངོ་བརྒྱ་ཕྲག་སྔོན་གྱི་རྔ་བའི་ཤིང་ཟམ།

ཏིང་བཀྲས་བསྒྱུར། རྩོམ་སྒྲིག་པ། ཏིང་བཀྲ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-02


ཤིང་སྣེ་སྣོལ་མར་བྱས་ཏེ་བར་དུ་རྡོ་ལེབ་བསྒྲིགས་པའི་ཟམ་རྟེན་གྲུ་བཞི།

ལོ་རྒྱུས་ཡུན་རིང་ལྡན་པའི་རྔ་བའི་ཤིང་ཟམ་གྱི་བཟོ་བཀོད།

             རྔ་བ་ཁུལ་རྔ་བ་རྫོང་ཁོངས་སུ། ལོ་ངོ་བརྒྱ་ཕྲག་སྔོན་གྱི་ཐོར་ཞིག་ཏུ་མ་སོང་བའི་ཤིང་ཟམ་རྙིང་བ་20ཡོད་ཅིང་། ཟམ་པ་འདིའི་རིགས་ཀྱི་བཟོ་སྐྲུན་རྒྱུ་ཆ་ནི་ཤིང་དང་རྡོ་ཤ་སྟག་ཡིན་པ་ལས་ལྕགས་འཛེར་གཅིག་ཀྱང་བེད་སྤྱོད་བྱས་མེད། ཟམ་པ་འདིར་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་པས་བོད་ཁུལ་དུ་ལོ་རྒྱུས་ཀྱི་ཟམ་པ་ཞེས་པའི་མཚན་སྙན་ཐོབ་ཡོད་ཅིང་། གནས་ཚུལ་ངོ་སྤྲོད་བྱས་པ་ལྟར་ན། ཟམ་པ་འདི་བཟོ་དུས་ཀྱི་ཤིང་ཆ་མང་ཆེ་བ་ནི་ཚངས་ཐིག་ལ་ལི་སྨི་20ནས་ལི་སྨི་40ཅན་གྱི་བར་ཡིན་ལ། ཤིང་ཆ་དག་གི་ཤུན་བུ་བཤུས་ཏེ་སྐམ་རྗེས་སུ་ད་གཟོད་ཟམ་ཤིང་ལ་བེད་སྤྱོད་བྱས་ཡོད་འདུག ཆུ་བོའི་འགྲམ་གཉིས་སུ་ཤིང་གི་ཟམ་རྟེན་ཆེན་པོ་རེ་བཟོས་ཤིང་དེའི་ནང་དུ་རྡོ་བསྒྲིགས་ནས་ཤིན་ཏུ་བརྟན་པོར་བྱས་ཡོད། དེ་ནས་ཟམ་རྟེན་ལ་བརྟེན་ནས་ཕྱོགས་གཉིས་སུ་ཟམ་ཤིང་བསྒྲིགས་ཏེ་དུས་ཡུན་རིང་བོར་འགྱུར་བ་མེད་པའི་ཤིང་ཟམ་འདི་འདྲ་ཞིག་གྲུབ་པ་རེད། །

 

ལོ་རྒྱུས་ཡུན་རིང་ལྡན་པའི་རྔ་བའི་ཤིང་ཟམ་གྱི་བཟོ་བཀོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1