མཛོད་དགེ་རྫོང་ཐེ་བོ་གྲོང་རྡལ་དུ་ཚ་ཁུལ་གྱི་སིལ་ཏོག་སྨིན་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། སྤེལ་དུས། 09-27


  

        ཟླ9པར་མཛོད་དགེ་མཐོ་སྒང་དུ་སྤྲིན་སྨུག་ལང་ལོང་དུ་འཕྱུར་ཞིང་གནམ་གཤིས་ཇེ་གྲང་དུ་སོང་མོད།  ཐེ་བོ་གྲོང་རྡལ་ལྷ་རྩེ་སྒུ་སྡེ་བའི་ཁྱིམ་ཚང་ཞིག་གི་ར་སྐོར་ནི་ད་དུང་སྔོ་ཐིང་ཐིང་དུ་སྣང་།  ཁྱིམ་ཚང་དེས་ད་ལོར་བཙུགས་པའི་རྒུན་འབྲུམ་འདེགས་སྒྲོམ་སྟེང་དུ།  ལེགས་པར་སྨིན་པའི་རྒུན་འབྲུམ་གྱི་ཕུང་བོས་ཁེངས་ཏེ།  ཉི་མའི་འོད་སྣང་གི་ཁྲོད་ནས་མ་ན་ཧོ་ལྟ་བུའི་འོད་མདངས་རབ་ཏུ་འཚེར་བཞིན་ཡོད། 

 

         མཛོད་དགེ་རྫོང་ནི་མཐོ་སྒང་གྲང་ངར་བརླན་གཤེར་ཅན་གྱི་དུས་རླུང་ནམ་ཟླར་གཏོགས་པས།  ལོ་འཁོར་མོར་དབྱར་དུས་མེད་ལ་ལོ་རེའི་ཆ་སྙོམས་དྲོད་ཚད་ནི་ཧྲེ་ཧྲི་ཏུའུ1.1ཡིན།  སྤྱིར་བཏང་གི་རྒྱུན་ཤེས་ལྟར་ན་ཚ་ཁུལ་གྱི་སིལ་ཏོག་རྒུན་འབྲུམ་འཛུགས་ཐབས་མེད།  ཡིན་ཡང་ཞིང་བ་ཨ་བསྟན་གྱི་བསམ་ཡུལ་ལས་འདས་པའི་ལས་ཚུལ་ཞིག་གིས། མཛོད་དགེ་རྫོང་ཐེ་བོ་གྲོང་རྡལ་དུ་ཚ་ཁུལ་གྱི་སིལ་ཏོག་ཞིམ་པོ་སྨིན་དུ་བཅུག

         ལྷ་རྩེ་སྒུ་སྡེ་བའི་ཁྱིམ་ཚང་སོ་སོའི་མདུན་དུ་མེ་ཏོག་ལྡུམ་ར་རེ་ཡོད་ལ།  ཁང་བའི་ཕྱི་ནང་ཀུན་གྱི་གཙང་སྦྲ་ཤིན་ཏུ་ལེགས།  ར་སྐོར་སྔར་ལས་ཇེ་ཡག་ཏུ་གཏོང་ཆེད།  ཨ་བསྟན་གྱིས་ལོ་རེའི་དཔྱིད་ཀར་ས་ཆ་གཞན་ནས་མིང་མི་ཤེས་པའི་མེ་ཏོག་གི་ས་བོན་རེ་ཁྱེར་ནས་ར་སྐོར་གྱི་ལྡུམ་རར་འདེབས།  སྟབས་ལེགས་པ་ཞིག་ལ་ལྡུམ་རར་རྒུན་མྱུག་སྐྱེས་ཤིང་། ད་ལོར་རྒུན་འབྲས་སྨིན་ཐུབ་པར་བྱུང་།

 

         ཞིང་བ་ཨ་བསྟན་གྱིས་མ་བསམས་ས་ནས་རྒུན་འབྲུམ་འདེབས་ཐུབ་པར་བྱུང་བས།  ཉེ་འཁོར་གྱི་མང་ཚོགས་རྣམས་ལྟད་མོར་བཀུག་པར་མ་ཟད། ཀུན་ལ་མཐོ་སྒང་གི་སིལ་ཏོག་འདེབས་འཛུགས་ཐད་ནས་བསམ་ཚུལ་གསར་བ་རེ་སྐྱེས་སུ་བཅུག 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1