སི་ཁྲོན་གྱི་རྣམ་གྲངས་གལ་ཆེན་219གཅིག་སྡུད་ལས་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 09-30



        འདི་ག་ཚགས་པར་ཁང་དུ་ཁྲེན་ཏུའུ་ནས་གློག་འཕྲིན་འབྱོར་གསལ། སི་ཁྲོན་ཞིང་ཆེན་ཁྲེན་ཏུའུ་གྲོང་ཁྱེར་ཐེན་ཧྥུའུ་ཁུལ་གསར་གྲོང་ཁོངས(འདབས)ཀྱི་ལྕགས་ལམ་ཁྲེན་ཏུའུ་ནས་མེ་ཧྲན་ལམ་ཐིག་བར་གྱི་ཆིན་ཧོང་དགོན་འབབ་ཚུགས་མདུན་དུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས། རྐོ་འདྲུའི་འཕྲུལ་འཁོར་དང་ལྡུག་འཁོར་མང་པོ་གཏོང་གྲབས་ཡོད་ཅིང་། ཟླ་9ཚེས་26ཉིན་གྱི་སྔ་དྲོ། སི་ཁྲོན་ཞིང་ཆེན་གྱི་2022ལོའི་དུས་ཚིགས་གསུམ་པའི་རྣམ་གྲངས་གལ་ཆེན་གྱི་ས་ཡུལ་དངོས་ཀྱི་སྐུལ་སྤེལ་བྱེད་སྒོ་སྤེལ་བ་དང་། ད་རེས་ས་ཡུལ་དངོས་སུ་རྣམ་གྲངས་གལ་ཆེན་219ལ་སྐུལ་འདེད་བཏང་བར་བསྡོམས་མ་དངུལ་སྒོར་དུང་ཕྱུར་5956.3གཏོང་རྩིས་ཡོད་པ་རེད། དེའི་ནང་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་10ལས་འགོ་ཚུགས་པ་དེའི་ལམ་ཚད་བསྡོམས་སྤྱི་ལེ་935ཟིན་པ་དང་བསྡོམས་མ་དངུལ་སྒོར་དུང་ཕྱུར་2198.7བཏང་བ་དང་། གཅིག་སྡུད་ལས་འགོ་ཚུཌ་པའི་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་ཀྱི་གྲངས་འབོར་དང་མ་དངུལ་གཏོང་འབོར་ཚང་མ་སི་ཁྲོན་འགྲིམ་འགྲུལ་ཐད་གཏོང་མང་ཤོས་ཤིག་ཡིན། རྣམ་གྲངས་དེར་རིམ་རྩིས་བྱས་ན་འདི་ལོའི་དུས་ཚིཌ་བཞི་པར་མ་དངུལ་སྒོར་དུང་ཕྱུར་70ཙམ་གཏོང་རྒྱུ་དང་ཕྱི་ལོ་མ་དངུལ་སྒོར་དུང་ཕྱུར་350ཡན་གཏོང་རྒྱུ་རེད།

        ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་ཀྱིས་སྲིད་ཇུས་རང་བཞིན་དང་གསར་སྤེལ་རང་བཞིན་གྱི་དངུལ་རྩའི་ཡོ་བྱད་བཙུགས་ཚུན། སི་ཁྲོན་ཞིང་ཆེན་གྱི་ཁག་ཐེངས་བཞི་པའི་གྲབས་འདེམས་རྣམ་གྲངས་509ཞིབ་བཤེར་རྩིས་ལེན་བྱུང་བ་དང་། མ་དངུལ་བསྡོམས་སྒོར་དུང་ཕྱུར་8900.2གཏོང་རྩིས་ཡོད་པ། ཐེབས་རྩ་སྒོར་དུང་ཕྱུར་995.9བཀོད་སྒྲིག་བྱ་རྒྱུའི་གྲོས་འགོ་བཏོན་ཡོད། མིག་སྔར་རྣམ་གྲངས་279ལག་བསྟར་བྱས་པ་དང་། བསྡོམས་མ་དངུལ་སྒོར་དུང་ཕྱུར་5303.3གཏོང་རྩིས་ཡོད་པ། ཐེབས་རྩ་སྒོར་དུང་ཕྱུར་478.6དོན་འཁྱོལ་བྱས་པ་བཅས་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1