༄༅། །ཐཱན་སྐྱུར་བཏུང་བ་མང་པོ་འཐུངས་ན་དྲེག་ནད་འབྱུང་སླ་བའི་མི་ཚད། ད་དུང་གནོད་པ་འདི་དག་ཀྱང་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 10-08


        ང་ཚོའི་སྣང་ངོ་ལ། “དྲེག་ནད”ནི་ལོ་ན་ཅུང་རྒས་པའི་རིགས་ཀྱི་རྙིང་ཚབ་གསར་བྱེད་ཀྱི་ནད་རིགས་ཤིག་ཡིན་པ་དང་། ལོ་ཆུང་རིགས་ལ་ནད་འདི་འབྱུང་མི་སྲིད་པ་ཡིན། འོན་ཀྱང་། ཉེ་བའི་ལོ་ཤས་རིང་ལ། དྲེག་ནད་ཀྱི་འབྱུང་ཚད་ཇེ་མཐོ་ནས་ཇེ་མཐོ་ཡིན་པ་དང་། ལྷག་པར་དུ་ལོ་ཆུང་རིགས་ལ་མང་པོ་འབྱུང་བཞིན་ཡོད། འདྲི་རྩད་ཞིབ་ཚགས་བྱས་ན། ཁོ་ཚོ་ཆུང་དུས་ནས་ཐཱན་སྐྱུར་བཏུང་བའི་རིགས་འཐུང་རྒྱུར་ཧ་ཅང་དགའ་བ་རེད།


 

པར་རིས་དྲ་བ་ལས་དྲངས། 


 གཅིག ཐཱན་སྐྱུར་བཏུང་བ་འཐུངས་ན་དྲེག་ནད་འབྱུང་དོན་ཅི་ཡིན་ནམ།

         ཐཱན་སྐྱུར་བཏུང་བའི་གྲུབ་ཆ་གཙོ་བོ་ནི་ཀ་ར་དང་མདོག་རྒྱུ། མངར་སྐྱེད་རྫས། སྐྱུར་སྐྱེད་རྫས། དྲི་ཞིམ་རྫས། ཐཱན་སྐྱུར་ཆུ་བཅས་ཡིན་པ་དང་། སྤྱིར་བཏང་དུ་དེའི་ནང་ན་འཚོ་བཅུད་དང་གཏེར་རྒྱུ་ཅི་ཡང་མེད། ཡུན་རིང་ལ་ཐཱན་སྐྱུར་བཏུང་བ་མང་པོ་འཐུངས་ན། དེའི་ནང་གི་ཀ་རའི་འདུས་ཚད་དང་གཅིན་སྐྱུར་བར་ལ་འགྲན་རྩོད་རང་བཞིན་གྱི་སྙིགས་འདོར་ཚོད་འཛིན་འབྱུང་བ་དང་། དེ་ནས་གཅིན་སྐྱུར་མང་པོ་ལུས་པོ་རུ་གསོག་ཉར་བྱས་པ་བརྒྱུད་དྲེག་ནད་འབྱུང་སླ་བར་བྱེད་པ་ཡིན།

 གཉིས། ཐཱན་སྐྱུར་བཏུང་བ་ལ་ད་དུང་གནོད་པ་གང་དག་ཡོད་དམ།

         ཐཱན་སྐྱུར་བཏུང་བ་ཉུང་ཙམ་འཐུངས་ན། སྤྱིར་བཏང་དུ་གནོད་པ་མངོན་གསལ་མི་འབྱུང་། ཡིན་ནའང་། ཡུན་རིང་ལ་འཐུངས་ན་ལུས་པོར་ད་དུང་གནོད་པ་འདི་དག་འབྱུང་བ་སྟེ།

 ཀ ཚོ་འབུད་སླ་བ།

         ཐཱན་སྐྱུར་བཏུང་བའི་ནང་ན་སྤྱིར་བཏང་དུ་ཀ་རའི་འདུས་ཚད10%ཡས་མས་ཙམ་ཡོད། དམ་བེ་ཆུང་ངུ་ཞིག་གི་ཚ་ཚད་ནི་ཁ་ལོ་རའེ(卡路里)100ནས200ཙམ་ཡིན་པས། རྒྱུན་པར་འཐུངས་ན་ལུས་པོར་ཚོ་འབུད་སླ་བ་ཡིན།

 ཁ། མཁལ་མའི་གནོན་ཤུགས་ཇེ་ཆེར་གཏོང་བ།

         ཐཱན་སྐྱུར་བཏུང་བའི་ནང་གི་ཀ་རའི་འདུས་ཚད་མཐོ་ཞིང་སྦྱོར་རྟ་མང་བས། གལ་ཏེ་ཡུན་རིང་ལ་འཐུངས་ན། མཁལ་མའི་གནོན་ཤུགས་ཇེ་ཆེར་གྱུར་ཏེ་མཁལ་མའི་བྱེད་ནུས་ལ་གནོད་པ་ཡིན། ཐཱན་སྐྱུར་བཏུང་བ་ཡིས་ད་དུང་གཅིན་པའི་ནང་གི་ཀལ་རྒྱུའི་འདུས་ཚད་ཇེ་མཐོར་བཏང་ནས་གཅིན་ལམ་མ་ལག་གི་རྡེལ་སྐྲན་ནད་ཀྱང་བསྐྱེད་པ་ཡིན།

 


པར་རིས་དྲ་བ་ལས་དྲངས། 


 ག ཟས་འཇུ་མ་ལག་ལ་ཤུགས་རྐྱེན་ཐེབས་པ།

         ་གཉིས་ཐཱན་རྫས་ཁོག་ཏུ་སོང་རྗེས། ཕོ་བའི་ནང་གི་ཕན་ལྡན་ཕྲ་སྲིན་ལ་ཚོད་འཛིན་བྱས་ཏེ་ཟས་འཇུ་མ་ལག་ལ་གནོད་སྐྱོན་བཟོ་བའི་དབང་གིས། ཡུན་རིང་ལ་ཐཱན་སྐྱུར་བཏུང་བ་འཐུང་བའི་མིར། ཕོ་བ་དང་རྒྱུ་ལམ་གྱི་ནད་རིགས་འབྱུང་སླ་བར་མ་ཟད། ད་དུང་ཟ་མའི་ཡི་ག་ཡང་ཇེ་ཞན་དུ་འགྲོ་བ་ཡིན། 

 ང་། སོ་རུལ་བར་བྱེད་པ།

         ཐཱན་སྐྱུར་བཏུང་བའི་ནང་གི་སྐྱུར་གཤིས་དངོས་པོ་དང་སྦྱོར་རྟ་ཡིས་སོའི་སྲ་རྒྱུ་མཉེན་མོར་བཏང་སྟེ་སོ་རུལ་སླ་བར་བྱེད་པ་ཡིན།

 ཅ། རུས་སོབ་འགྱུར་སྔ་བར་བྱེད་པ།

         ཡུན་རིང་ལ་ཐཱན་སྐྱུར་བཏུང་བ་འཐུངས་ན། ལུས་པོར་ལིན་སྐྱུར་མང་པོ་བསྡུ་ལེན་བྱས་པ་བརྒྱུད། རུས་པའི་ཀལ་རྒྱུ་ཤོར་ཏེ་རུས་སོབ་འབྱུང་བ་ཡིན། བརྟག་དཔྱད་ཅིག་ཏུ་གསལ་བ་ལྟར་ན། ཡུན་རིང་ལ་ཐཱན་སྐྱུར་བཏུང་བ་འཐུངས་པའི་ལོ་ཆུང་རིགས་ཀྱི་རུས་ཆག་འབྱུང་ཚད་ནི་ལོ་ཆུང་གཞན་པ་ལས་ལྡབ་གསུམ་གྱིས་མཐོ་བ་རེད།

 མདོར་ན། ཡུན་རིང་ལ་ཐཱན་སྐྱུར་བཏུང་བ་མང་པོ་འཐུང་བ་ནི་བཟའ་བཏུང་གི་གོམས་གཤིས་ངན་པར་གཏོགས་པ་དང་། དེས་ལུས་པོའི་བདེ་ཐང་ལ་གནོད་པ་མང་པོ་སྐྱེལ་བཞིན་ཡོད་སྟབས། ཚང་མས་ཐཱན་སྐྱུར་བཏུང་བའི་ཚབ་ལ་ཆུ་ཁོལ་མང་དུ་འཐུངས་ན་བཟང་བ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1