༄༅། ། “མཐོ་སྒང་གི་བླ་སྲོག”མང་པོ་གནའ་མཁར་ཟི་ལིང་ནས་ཡང་ཡང་མཐོང་དོན་ཅི་ཡིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 10-08



  

        ཉེ་སྔོན། དམིགས་བསལ་གྱི“མགྲོན་པོ”ཞིག་གནའ་མཁར་ཟི་ལིང་གི་དྲ་དམངས་ཚོའི་གྲོགས་ཚོམས་ནང་དུ་རྒྱ་ཁྱབ་ངང་སྐུར་བཞིན་ཡོད་ཅིང་། བལྟས་ཚོད་དུ་ནོར་དང་ར་མ་གང་ལའང་འདྲ་བའི“སྲོག་ཆགས་ཁྱད་མཚར་བ”དེ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཤྭ་རྒྱ་ཡིན་པ་དང་། འདི་ནི་སྲོག་ཆགས་ཤྭ་རྒྱ་ཐེངས་དང་པོར་ཟི་ལིང་གྲོང་ཁྱེར་ནས་མཐོང་བ་ཡིན། 

 


པར་རིས་ཟི་ལིང་དགོང་དྲོའི་ཚགས་པར་ལས་དྲངས། 

         ཉེ་བའི་ལོ་ཤས་ནས་བཟུང་། གནའ་མཁར་ཟི་ལིང་གི་སྐྱེ་ཁམས་ཁོར་ཡུག་བསྟུད་མར་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས། རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་རྒྱུན་པར་ཟི་ལིང་གྲོང་ཁྱེར་ནས་མཐོང་ཚད་ཇེ་མང་ལ་སོང་ཡོད།


 

པར་རིས་ཟི་ལིང་དགོང་དྲོའི་ཚགས་པར་ལས་དྲངས། 

         གཞི་གྲངས་ལས་གསལ་བ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱི2021ལོའི་མཁའ་དབུགས་སྤུས་ཚད་སྤྱི་ཡོངས་ཀྱི་ལེགས་ཚད90.4%ཡིན་པ་དང་། ནགས་ཚལ་ཁེབས་ཚད36.5%ལ་ཐོན་པ། མི་གྲངས་ཆ་སྙོམས་ཀྱི་སྤྱི་གླིང་ས་ལྗང་རྒྱ་ཁྱོན་སྨི་གྲུ་བཞི་མ13རེ་ཡོད་པ་རེད། གྲོང་ཁྱེར་ནགས་གསེབ་ཏུ་ཡོད་པ་དང་། མཛེས་ལྗོངས་གྲོང་ཁྱེར་དུ་ཡོད་པ། མི་དང་མཛེས་ལྗོངས་མཉམ་འདྲེས་ཀྱི་རབ་མཛེས་དཔེ་རིས་ཤིག་ཐོག་མར་ཆགས་ཡོད། དུས་མཚུངས་སུ། ཟི་ལིང་གྲོང་ཁྱེར་གྱི་སྤྱི་ཡོངས་སྐྱེ་ཁམས་བྱེད་ནུས་བསྟུད་མར་ཇེ་ཆེ་ལ་སོང་བ་དང་བསྟུན་ནས། ཉེ་འཁོར་གྱི་རི་སྐྱེས་སྲོག་ཆགས་རིགས་རྒྱུད་ཀྱི་གྲངས་ཀ་རྒྱུན་ཆད་མེད་པར་ཇེ་མང་དུ་གྱུར་པ་དང་། སྔར་ལས་མང་པོའི“མཐོ་སྒང་གི་བླ་སྲོག”གིས་ཀྱང་གནའ་མཁར་ཟི་ལིང་ནས“གཞིས་ཆགས”བྱེད་བཞིན་ཡོད།


 

པར་རིས་ཞིན་ཧྭ་དྲ་བ་ལས་དྲངས། 


         རི་བོ་ཕྲེང་ལྟར་བསྒྲིགས་ཤིང་། སྔོ་ཁེབས་སྟུག་པོ་ཀུན་ཏུ་ཁྱབ་པ། ས་དབྱིབས་ཕུན་སུམ་ཚོགས་ཤིང་ནམ་ཟླའི་འགྱུར་ལྡོག་ངེས་མེད་ཡིན། ད་སྐབས། ཟི་ལིང་གྲོང་ཁྱེར་གྱི་སྤྱི་གླིང་དང་ཉེ་འཁོར་གྱི་ཆུ་ལམ། ཆུ་ཁོངས་ཚང་མ་འདབ་ཆགས་རིགས་སྣ་ཚོགས་ཀྱི་འཚོ་གནས་ཁྱིམ་གཞིས་སུ་གྱུར་ཡོད་པ་དང་། དེ་ཚོ་མཚམས་རེ་ལ་བར་སྣང་དུ་ལྡིང་སྐོར་བྱེད་ཅིང་། མཚམས་རེ་ལ་ནགས་གསེབ་ཏུ་རྒྱུ་བཞིན་ཡོད་པ། མཚམས་རེ་ལ་སྡོང་མགོར་བབས་ནས་ངལ་གསོ་བྱེད་བཞིན་ཡོད་པ་སོགས་ནི་གྲོང་ཁྱེར་ནང་གི་མཛེས་ལྗོངས་ཁྱད་དུ་འཕགས་པ་ཞིག་ཏུ་གྱུར་ཡོད།


 

པར་རིས་ཞིན་ཧྭ་དྲ་བ་ལས་དྲངས། 


         ནམ་མཁའ་སྔར་ལས་ཇེ་སྔོན་དང་། རི་བོ་སྔར་ལས་ཇེ་ལྗང་། ཆུ་མོ་སྔར་ལས་ཇེ་དྭངས་བཅས་སུ་གྱུར་ཡོད་ལ། གཞུང་ལམ་འགྲམ་ངོགས་ཀྱི་སྔོ་ལྗང་མུ་ཁྱུད་ནས་མེ་ཏོག་སྣ་མང་བཞད་པའི་མཛེས་ལྗོངས་བར་དང་། བརླན་སའི་སྤྱི་གླིང་གི་རྐང་ལམ་ཕྲ་མོ་ནས་ཡིད་སེམས་རབ་ཏུ་སྤྲོ་བའི་རྩི་ཤིང་ལྗོངས་ཁུལ་གྱི་བར་སོགས་ལས། དེ་རིང་གི་ཟི་ལིང་གྲོང་ཁྱེར་དུ“གཙང་ཆུ་སྔོན་མོས་གྲོང་ཁྱེར་བསྐོར་ཞིང་ལྗང་མདོག་གི་རི་བོ་རི་མོ་བཞིན་མཛེས་པ”ཡི་ཡུལ་ལྗོངས་གང་ས་གང་ནས་མཐོང་ཐུབ་པ་དང་། མི་དང་སྲོག་ཆགས་ཞི་མཐུན་མཉམ་གནས་ཀྱི་མཛེས་རིས་ཤིག་རིམ་གྱིས་གྲུབ་དང་འགྲུབ་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1