མཐོ་སྒང་གི་འབྲི་ཏ་ས་འཛིན་གྱིས་དམངས་རྣམས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-10


 

     སྤྱིར་བཏང་དུ་ཟླ་11པར་འབྲི་ཏ་ས་འཛིན་ཚོང་རར་བྲིན་པ་ཡིན། ལི་ཐང་རྫོང་གི་ཉིན་མཚན་གྱི་དྲོ་གྲང་གི་ཁྱད་པར་ཆེ་ཞིང་། ཉི་འོད་འཛོམས་པའི་ས་ཁམས་ཐོན་ཁུངས་ཕུན་སུམ་ཚོགས་པས། རང་བྱུང་འབྲི་ཏ་ས་འཛིན་འདེབས་པར་འཚམ་པར་མ་ཟད། ཚོང་རའི་དགོས་མཁོའང་ཤིན་ཏུ་ཆེ།  2019ལོ་ནས་བཟུང་ལི་ཐང་རྫོང་ཚོ་གསུམ་དེང་རབས་ཞིང་ལས་ཐོན་ལས་གླིང་གིས་ཚོད་ལྟའི་ཚུལ་དུ་རིགས་མི་འདྲ་བའི་འབྲི་ཏ་ས་འཛིན་སྣ་ཚོགས་འདེབས་འཛུགས་བྱས་ནས་ད་ལྟ་སྨིན་ལེགས་ཤིང་སོན་རྒྱུད་བཟང་བ། མཐོ་སྒང་གི་གནམ་གཤིས་དང་ས་བབ་ལ་འཚམ་པའི་འབྲི་ཏ་ས་འཛིན་གྱིས་ས་གནས་དེ་གའི་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་ཕན་ནུས་ཆེན་པོ་ཐོན།  

  

  

  

  


  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1