སེར་ཤུལ་རྫོང་གིས་རྒྱལ་སྟོན་དུས་སྐབས་སུ་ལས་གནས་བརྟན་སྲུང་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སེར་ཤུལ་རྫོང་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས་ནས། སྤེལ་དུས། 10-11


 


      ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་ལ་ཉེ་ཚེ། སེར་ཤུལ་རྫོང་ཡོངས་ཀྱི་ལས་བྱེད་ལས་བཟོ་པས་བརྟན་སྲུང་དང་འགོག་ཟོན། ལྟ་སྐུལ་ཞིབ་བཤེར། ལས་དོན་ཁག་ལྷོད་གཡེང་མ་བཏང་བར་རྒྱལ་སྟོན་གུང་གསེང་དེ་ལས་སྒྲུབ་ལ་བརྩིས་ནས་རང་རང་གི་ལས་གནས་བརྟན་སྲུང་བྱས་ཡོད་པ་རེད།


 

      སེར་ཤུལ་རྫོང་སྤྱི་བདེ་ཉེན་རྟོག་པས་འགྲིམ་འགྲུལ་ཞིབ་བཤེར་ས་ཚུགས་དང་རིམས་འགོག་ས་ཚུགས་ཁག་ཏུ་འགྲོ་འོང་གི་འགག་སྒོ་ནན་པོ་སྲུང་བ་དང་། ཞིབ་བཤེར་ཚོད་འཛིན་གྱི་སྤུས་ཚད་མཐོ་རུ་གཏོང་བ། འཁོར་རིགས་དང་མི་སྣར་ཞིབ་བཤེར་གྱི་དོ་དམ་ནན་པོ་བྱས། མི་མངོན་པའི་རྐྱེན་ངན་སྣ་ཚོགས་སེལ་གང་ཐུབ་བྱས་ནས་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བསྲུངས་ཡོད།


 


      གསར་འགོད་པ་རྫོང་མི་དམངས་སྨན་ཁང་གི་ཉིང་སྐྱུར་དཔེ་བཤེར་བྱ་ཡུལ་དུ་སླེབས་སྐབས། སྨན་དོན་མི་སྣས་སྔར་བཞིན་ལས་གནས་བརྟན་སྲུང་བྱེད་པ་དང་། རྒྱུན་གཏན་ཅན་གྱི་རིམས་ནད་འགོག་ཟོན་དང་རྒྱུན་གཏན་གྱི་སྨན་བཅོས་ལས་དོན་ལ་སྤྱི་འདོམས་བྱེད་པ། སྨན་དོན་སྟོབས་ཤུགས་མཐའ་འཁྱོངས་བྱེད་པ། དུས་ཆེན་དང་གུང་གསེང་རིང་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་འགན་ལེན་གང་ཐུབ་བྱེད་པ། ནད་པར་སྤུས་ལེགས་དང་སྟབས་བདེའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་ནས་རྫོང་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་དང་གཟུགས་པོའི་བདེ་ཐང་ལ་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།


 


      འཐབ་ཕྱོགས་དང་པོར་བརྟན་པོར་སྲུང་བའི་སྤྱི་བདེའི་ལས་བྱེད་པ་དང་ཉེན་རྟོག་པ། རིམས་འགོག་མི་སྣ་བཅས་གང་ཡིན་རུང་། ཁྲོམ་གཞུང་འགྲམ་གྱི་ཚོང་ཁང་དང་། ཨར་སྐྲུན་ས་གནས། ལྗོངས་ཁུལ་སོགས་སྤྱི་པའི་འདུ་གནས་སུ་སྐྱོད་པའི་དྲྭ་མིག་ཅན་གྱི་དོ་དམ་པས་ཐོག་མཐའ་བར་གསུམ་དུ་ལས་གནས་བརྟན་སྲུང་དང་། རང་འགན་ནན་སྒྲུབ། ཞི་མཐུན་བརྟན་ལྷིང་ཡོང་ཆེད་འགན་ལེན་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུས་ཡོད། 

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1