“ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ”ས་གནས་ཁག་གིས་ཤེས་དཔལ་ལག་ལེན་བྱེད་སྒོ་སྤེལ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 10-12



        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།ས་གནས་ཁག་གིས་རིགས་ཁག་གི་ཤེས་དཔལ་ལག་ལེན་བྱེད་སྒོ་ཧུར་ཐག་སྤེལ་ནས། དམངས་སེམས་དྲོ་བ་དང་དམངས་ཀྱི་འདོད་བློར་བབས་པ་དང་། ཤེས་དཔལ་གྱི་རྣམ་པ་སྔར་བས་ཟབ་པ།མི་དམངས་ཀྱི་འཚོ་བ་སྔར་བས་མཛེས་སྡུག་ལྡན་པ་བཅས་ཡོང་བ་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བཞིན་ཡོད། 

        ཧྥུ་ཅན་ཞིང་ཆེན་ཧྥུ་ཀྲོའུ་གྲོང་ཁྱེར་མ་ཝུའེ་ཁུལ་ཁའེ་ལུང་སྡེ་ཁུལ་གྱི་སྒོ་བསྟེན་སྨན་ཁང་ཞིག་གི་མདུན་དུ་ཉི་འོད་སྒྲིབ་གུར་དང་། ཇ་ཧུའུ་གང་།རྐུབ་སྟེགས་ཁ་ཤས་བཅས་ལས་གྲུབ་པའི་གཅེས་སེམས་ཇ་ཁང་ཞིག་བཙུགས་ནས་དགོས་མཁོ་ཡོད་མཁན་ལ་རིན་མི་དགོས་པར་ཇ་མཁོ་འདོན་བྱེད་ཀྱི་ཡོད།ཁའེ་ལུང་སྡེ་ཁུལ་ནི་མ་ཝུའེ་ཁུལ་གྱི་དོ་དམ་མི་འབོར་མང་ཤོས་ཀྱི་སྡེ་ཁུལ་ཞིག་ཡིན་པ་དང་།སྡེ་ཁུལ་ཏང་རྩ་འཛུགས་དང་གྲོང་མི་ཨུ་ལྷན་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་དང་བླངས་ཞབས་ཞུར་ཁྲིད་སྟོན་བྱས་ཏེ། གྲོང་མིར་བློ་བདེ་དང་དྲོ་སྐྱིད་ལྡན་པའི་ཞབས་འདེགས་ཞུ་གི་ཡོད་པ་རེད། ཁའེ་ལུང་སྡེ་ཁུལ་གྱི་ལས་དོན་མི་སྣ་ལུའུ་ཤིན་ཕིང་གིས།ང་ཚོས་སྡེ་ལས་དོ་དམ་དང་།མཉམ་སྐྲུན་ཚན་པ།དང་བླངས་ཞབས་ཞུ་བཅས་སྟོབས་ཤུགས་གསུམ་གཅིག་ཏུ་བསྡུས་ནས།1+3གྱི་ཏང་འཛུགས་སྐྱོང་གི་མཉམ་འདུས་ལས་ཀའི་བྱེད་ཐབས་ཤིག་ཆགས་ཡོད། མིག་སྔར་ང་ཚོས་ཚན་པ་21དང་མཉམ་སྐྲུན་གྲོས་མཐུན་བཞག་ནས་གྲོང་མིར་དམངས་ཕན་དང་དྲོ་སྐྱིད་ལྡན་པའི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་པས། སྡེ་ཁུལ་གྱི་ཤེས་དཔལ་རྣམ་པ་དེ་བས་ཟབ་པ་དང་འཚོ་བའི་ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པ་ཞིག་བྱུང་ཡོད་ཅེས་བཤད་པ་རེད། 

        ཅང་ཞིའི་ཅི་ཨན་ཆིང་ཡོན་ཁུལ་ཏུང་ཀུའུ་ཧྲེ་རིགས་ཤང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སུའོ་རུ་ཏུང་ཀུའུ་གསར་བརྗེའི་གླུ་གཞས་ཚོགས་པའི་རུ་མི་ཚོས་གསར་རྩོམ་བྱས་མ་ཐག་པའི་གླུ་གཞས་གཏོང་བཞིན་ཡོད།ཉིན་ཤས་བསྟུད་མར། རུ་མི་ཚོས་གླུ་གར་དང་།འཁྲབ་ཚན་ཐུང་གྲས།ཟློས་གར་སོགས་རྣམ་པ་སྣ་ཚོགས་བརྒྱུད། མང་ཚོགས་ཚོས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་དུས་རབས་གསར་པའི་བདེ་སྐྱིད་འཚོ་བར་བསྟོད་གླུ་འབུལ་ཡོད། 

        ཧྲང་ཧའེ་གྲོང་ཁྱེར་ཅིང་ཨན་ཁུལ་གྱི་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་སུ། ཁྲིམས་རྩོད་པ་ཀྲང་ཡུས་ཞ་ཡིས་བགྲེས་སོང་ཞིག་ལ་ངལ་ནུས་རྩོད་རྙོག་སྐོར་གྱི་བཅའ་ཁྲིམས་གནད་དོན་ལ་ལན་རྒྱག་བཞིན་ཡོད་པ་རེད། 

        ཀྲང་ཡུས་ཞ་ཡིས། ང་ཚོས་ཁྲིམས་རྩོད་པ་དང་།སྤྱི་ཚོགས་ཀྱི་ལས་དོན་པ།སེམས་ཁམས་འདྲི་རྩད་པ་བཅས་ཚུད་པའི་ཕྱོགས་གང་ཅིའི་ཐད་ཀྱི་ཆེད་ལས་མི་སྣ་བསྡུས་ནས་དང་བླངས་པའི་ཚོགས་པ་ཞིག་བཙུགས་ཏེ། སྡེ་ཁུལ་གྱི་གྲོང་མི་རྣམས་ཀྱི་བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གཏོང་གཏོང་བ་དང་། ང་ཚོས་ད་དུང་སྡེ་ཁུལ་གྲོང་མིའི་རེ་འདུན་དངོས་ཤེས་རྟོགས་སྔར་ལས་མང་བ་བྱས་ནས་སྡེ་ཁུལ་གྱི་དང་བླངས་ཞབས་ཞུའི་ནང་ཧུར་ཐག་ཞུགས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོག་བྱ་རྒྱུར་བསུ་བ་ཞུ་བཞིན་ཡོད་ཅེས་བཤད་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1