འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བདེ་འཇགས་མིན་པའི་ཟས་ཀྱིས་ལོ་རེར་མི་ཁྲི་200ཡི་ཚེ་སྲོག་འཕྲོག་བཞིན་ཡོད་ཅེས་བཤད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-03


              སྤྱི་ཟླ་4པའི་ཚེས་1ཉིན།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲ་ཚིགས་སུ་བཀོད་པ་ལྟར་ན། སྤྱི་ཟླ་4པའི་ཚེས་7ཉིན་གྱི་འཛམ་གླིང་འཕྲོད་བསྟེན་ཉིན་མོར་སླེབས་ལ་ཉེ་དུས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བརྡ་ཁྱབ་སྤེལ་ནས།  ཟས་རིགས་བདེ་འཇགས་ནི་འཕྲོད་བསྟེན་ལས་རིགས་ལས་ཆེས་གཙོ་བོ་ཡིན་པའི་སྐོར་ནན་བཤད་བྱས་ཤིང་།  ལོ་རེར་མི་ས་ཡ་ཁ་ཤས་ཀྱིས་བདེ་འཇགས་མིན་པའི་ཟས་རིགས་ཟས་པས་ནད་ཕོག་བཞིན་ཡོད་པ་དང་།  ཚེ་སྲོག་ཤོར་བའང་ཡོད་པས།  ད་ལོར་ཁོ་ཚོས་དེར་དམིགས་ནས་འཕྲོད་བསྟེན་ཉིན་མོ་ཡི་བརྗོད་བྱ་གཙོ་བོ་ནི་ཟས་རིགས་བདེ་འཇགས་ཡིན་པར་བྱས་ཤིང་། ཞིང་བ་ནས་ཐོན་སྐྱེད་མཁན།  ཚོང་བ།  ཇུས་འགོད་མཁན། འཛད་སྤྱོད་མཁན་ཚང་མས་རང་ས་ནས་ཐབས་གང་ལེགས་ཀྱིས་ཟས་རིགས་བདེ་འཇགས་ཐད་ལ་འབད་པ་བྱ་དགོས་པར་སྐུལ་མ་བཏང་ཡོད།

            འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྤྱི་ཟླ་3པའི་ཚེས་31ཉིན་བརྡ་ཁྱབ་སྤེལ་ནས།  གྲོང་ཁྱེར་ཅན་དུ་འགྱུར་བཞིན་པ་དང་འཛད་སྤྱོད་པའི་གོམས་གཤིས་སྔོན་ཆད་དང་མི་འདྲ་བའི་དེང་གི་དུས་འདིར། མི་རྣམས་ཀྱི་འཚོ་བའི་གོམས་གཤིས་ཐད་འགྱུར་ལྡོག་ངེས་ཅན་བྱུང་ཡོད་ལ།  ཕྱོགས་སོ་སོའི་ཟས་རིགས་སྣ་ཚོགས་ཉོ་རྒྱུ་དང་ཟ་རྒྱུར་དགའ་བས།  བདེ་འཇགས་ཡིན་པ་དང་མིན་པའི་ཟས་རིགས་སྣ་ཚོགས་ཀྱང་ཞོར་དུ་འབྱུང་བཞིན་ཡོད། དེ་བས་མི་གཙང་བའི་ཟས་རིགས་ལས་བསྐྱེད་པའི་ནད་རིགས་སྣ་ཚོགས་ཀྱིས་མི་སྲོག་འཕྲོག་གི་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1