༄༅།། ནད་རྟགས་མེད་པའི་ནད་པ་དང་གཏན་འཁེལ་ནད་པའི་བར་གྱི་ཁྱད་པར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 10-13






 གཅིག ནད་རྟགས་མེད་པའི་ནད་པ་ཞེས་པ་ཅི་ཡིན་ནམ།

         ནད་རྟགས་མེད་པའི་ནད་པ་ཞེས་པ་ལ་གོ་དོན་གཉིས་ཡོད་དེ། གཅིག་ནི་ནད་དུག་རེད་མཁན་ལ་གོ་བ་དང་། ཅིག་ཤོས་ནི་ནད་རྟགས་མེད་པ་ལ་གོ་བ་ཡིན།

         ཐོག་མར། ནད་རྟགས་མེད་པའི་ནད་པ་ཡིན་ན། དེའི་པྲོག་དབྱིབས་ནད་དུག་གི་ཉིང་སྐྱུར་བརྟག་འཇལ་བྱས་འབྲས་གདགས་གཤིས་ཡིན་པ་དང་། དེ་ལ་འགོས་གཤིས་ཡོད་སྟབས། ལོགས་བཀར་དང་སྨན་བཅོས་བྱ་དགོས། བར་དུ་ནད་རྟགས་མེད་པ་ཡིས་གནས་སྐབས་དེ་ལ་ཚ་རྒྱས་པ་དང་སྐམ་ལུ་བྱེད་པ། ཤུགས་མེད་པ། མིད་པ་ན་བ། ལྕེ་དབང་དང་སྣ་དབང་ཉམས་པ། ཁོག་པ་བཤལ་བ་བཅས་རང་ཉིད་ཀྱིས་ཚོར་ཐུབ་པའམ་ཡང་ན་དངོས་བཅོས་ངོས་འཛིན་གྱི་ནད་རྟགས་དང་ན་ལུགས་སོགས་ཅི་ཡང་མེད་ཚུལ་མཚོན་པ་ཙམ་ཡིན། མཇུག་ཏུCTགཟུགས་བརྙན་རིག་པ་ལས་པྲོག་དབྱིབས་གློ་ཚད་ཀྱི་ནད་ཕོག་ཁྱད་ཆོས་མི་རྙེད་པས། མིག་སྔའི་གནས་ཚུལ་ལ་གཞིགས་ན། ད་དུང“གཏན་འཁེལ་ནད་པ”ལ་བརྩིས་མི་ཆོག་པ་ཡིན།

 

         ཡིན་ནའང་། ནད་རྟགས་མེད་པའི་ནད་པ་ཁ་ཤས་ནི་ནད་རྟགས་ཡོད་པའི་གཏན་འཁེལ་ནད་པ་ལ་འགྱུར་བའི་ཉེན་ཁ་ཡོད་པ་དང་། སྐབས་དེ་ལ་བག་ཉལ་དུས་སུ་གནས་པ་ཙམ་ཡིན། ད་དུང་ནད་རྟགས་མེད་པའི་ནད་པ་ཁ་ཤས་རང་ལུས་ཀྱི་རིམས་འགོག་ནུས་པའི་དབང་གིས་སམ་ཡང་ན་དུས་ཐོག་ཏུ་ཤེས་རྟོགས་བྱུང་རྗེས་ནད་དུག་འགོག་པའི་གསོ་བཅོས་བྱས་མཐར། དངོས་བཅོས་ནད་རྟགས་མ་བྱུང་བར་ནད་དུག་རྩ་མེད་དུ་བཏང་བའང་ཡོད།

         གཞན་ད་དུང་ནད་དཔེ་ཉུང་ཤས་ནི་སླར་གསོ་དུས་ཀྱི་ནད་རྟགས་མེད་པའི་ནད་པ་ཡིན་ཞིང་། དེའི་རིགས་ཀྱི་དངོས་བཅོས་ནད་རྟགས་མེད་པར་གྱུར་པའི་མི་ཚད། བརྟག་དཔྱད་གཞན་རིགས་བྱས་པ་ཚང་མ་ཡང་རྒྱུན་ལྡན་དུ་གྱུར་ཡོད། འོན་ཀྱང་། ནད་དུག་གི་ཉིང་སྐྱུར་བརྟག་འཇལ་བྱས་འབྲས་ལ། དུས་རིམ་ངེས་ཅན་ཞིག་ཏུ་ད་དུང་གདགས་གཤིས་ཐོན་པ་ཡིན།

 


 གཉིས། ནད་རྟགས་མེད་པའི་ནད་པ་དང་གཏན་འཁེལ་ནད་པའི་བར་གྱི་ཁྱད་པར།

         ནད་རྟགས་མེད་པའི་ནད་པ་ལ། གལ་ཏེ་ཉིང་སྐྱུར་བརྟག་འཇལ་བྱས་འབྲས་གདགས་གཤིས་ཡིན་པ་དང་། ནད་རྟགས་བྱུང་བའམ་ཡང་ན་དུས་ཚོད་ངེས་ཅན་ཞིག་ལ་ལྟ་ཞིབ་བྱས་རྗེས། གློ་ལུ་བ་དང་ཚ་རྒྱས་པ། ཤུགས་མེད་པ་སོགས་ཀྱི་ནད་རྟགས་བྱུང་ན། གཏན་འཁེལ་ནད་པ་ལ་བརྩིས་པ་ཡིན། ནད་དུག་རེད་མཁན་ལ་དངོས་བཅོས་ནད་རྟགས་བྱུང་མེད་ཀྱང་། གློ་བརCTབརྟག་དཔྱད་བྱས་ན་ནད་འགྱུར་བྱུང་ཡོད་དུས། གཏན་འཁེལ་ནད་པ་ལ་བརྩིས་ཆོག

         ནད་རྟགས་མེད་པའི་ནད་པ་ལ། ཕྱོགས་བསྡུས་ལོགས་བཀར་གྱི་གསོ་རིག་ལྟ་ཞིབ་བྱེད་སྐབས། ཁྲག་གི་རྒྱུན་ལྡན་བརྟག་དཔྱད་དངCTགཟུགས་བརྙན་རིག་པའི་བརྟག་དཔྱད། དུག་སྲིན་འགོག་རྫས་བརྟག་འཇལ་བཅས་བྱ་དགོས། གལ་ཏེ། རྗེས་སུ་འབྲེལ་ཡོད་ནད་རྟགས་བྱུང་བ་དང་། དེ་ཉིད་གཏན་འཁེལ་ནད་པའི་ཚད་གཞི་ལ་ཐོན་པ་ཡིན་ན། ཆུ་ཚོད24ཡི་ནང་དུ་གཏན་འཁེལ་ནད་པ་ལ་བརྩི་དགོས།

 


         གཏན་འཁེལ་ནད་པ་ཞེས་པ་ནི་ནད་བརྟག་སྨན་བཅོས་ཀྱི་ཇུས་གཞི་རུ་ཡོད་པའི་ནད་བརྟག་ཚད་གཞི་གསལ་བོ་སྟེ་ནད་དུག་རིག་པའི་བརྟག་དཔྱད་བྱས་འབྲས་གདགས་གཤིས་ཡིན་པ་ལ་གཞིགས་དགོས་པ་དང་། དུས་མཚུངས་སུ་དངོས་བཅོས་ནད་རྟགས་སམ་ཡང་ན་ཁྲག་རྒྱུན་དང་གཟུགས་བརྙན་རིག་པའི་བརྟག་དཔྱད་བྱས་འབྲས་རྒྱུན་ལྡན་དང་མི་འདྲ་བ་ཡིན་དགོས། དངོས་བཅོས་ཚབས་ཆེའི་ཚད་རིམ་ལ་ཡང་བ་དང་རྒྱུན་ལྡན། ལྕི་མོ། ཉེན་ཁའི་ཚབས་ཆེ་བ་བཅས་རིགས་བཞི་ཡོད།

 གསུམ། ནད་རྟགས་མེད་པའི་ནད་པའི་ཁྱབ་ལམ་ནི་གཏན་འཁེལ་ནད་པ་དང་གཅིག་འདྲ་ཡིན་ནམ།

         ནད་རྟགས་མེད་པའི་ནད་པའི་ཁྱབ་ལམ་ནི་གཏན་འཁེལ་ནད་པ་དང་གཅིག་འདྲ་ཡིན་ཞིང་། དེ་ལ་བྱེ་བྲག་ཏུ་ཐད་ཀར་འགོས་ཁྱབ་དང་དབུགས་ཞུ་སྤྱིན་འགོས་ཁྱབ། ཐུག་རེག་འགོས་ཁྱབ་བཅས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1