སི་ཁྲོན་གྱི་འཐུས་མི་ཚོགས་པ་པེ་ཅིང་དུ་འབྱོར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-15



གཟི་བརྗིད་ཀྱི་འོས་འགན་ཕྲག་ཏུ་ཁུར། ལོ་རྒྱུས་ཀྱི་འགན་འཁྲི་དང་དུ་ལེན། 

ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་སི་ཁྲོན་གྱི་འཐུས་མི་ཚོགས་པ་པེ་ཅིང་དུ་འབྱོར། 

 

        སྤྱི་ཟླ་10པའི་ཚེས་13ཉིན་གྱི་ཆུ་ཚོད་15དང་སྐར་མ་10ཐོག །ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ལ་ཞུགས་པའི་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་འཐུས་མི་རྣམས་པེ་ཅིང་གི་རྒྱལ་ས་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་རེད།

         སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་ཏང་གི་འཐུས་མི་72ནི་ལས་རིགས་ཁག་དང་ཁྱབ་ཁོངས་སོ་སོ། འཐབ་ཕྱོགས་སོ་སོ་ནས་ཡོང་བའི་ཕུལ་བྱུང་མི་སྣ་དང་འཐུས་མི་རེད། ཚང་མས། རང་རྒྱལ་གྱི་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། དུས་རབས་གསར་པའི་སི་ཁྲོན་འཕེལ་རྒྱལ་གཏོང་བར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་ཡིད་ཆེས་བཞི་བརྟན་དུ་བཏང་ནས་སྲུང་སྐྱོང་གཉིས་ཐུབ་པ། གྲོས་རིམ་ཁག་ནང་ནན་ཏན་ཞུགས་པ་དང་འཐུས་མིའི་དབང་ཆ་ཡང་དག་སྤྱོད་པ་བཅས་བྱས་ཏེ། ཚོགས་ཆེན་ལེགས་འགྲུབ་ཡོང་ཆེད་བྱས་རྗེས་གང་ཐུབ་འཇོག་རྒྱུ་ཡིན་ཞེས་བཤད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1