ཏང་གི་ཚོགས་ཆེན་ཉི་ཤུ་པའི་གྲ་སྒྲིག་ཚོགས་འདུ་འཚོགས། ཞི་ཅིན་ཕིང་གིས་ཚོགས་འདུར་གཙོ་སྐྱོང་གནང་།

རྩོམ་སྒྲིག་པ།སངས་རྒྱས་ནོར་བུ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 10-15


  ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པས་སྤྱི་ཚེས་15ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོར་གྲ་སྒྲིག་ཚོགས་འདུ་འཚོགས།
བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་འདུར་གཙོ་སྐྱོང་གནང་།
  ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་དགོས་པའི་འཐུས་མི་དང་ཆེད་མངགས་འཐུས་མི་2379ཡོད་པ་དང་། གྲ་སྒྲིག་ཚོགས་འདུར་ཞུགས་པའི་འཐུས་མི་དང་ཆེད་མངགས་འཐུས་མི་2310ཡོད།
ཚོགས་འདུའི་ཐོག་ལག་པ་བཀྱགས་ནས་གྲོས་ཐག་གཅོད་ཐབས་སྤྱད་དེ། མི་22ལས་གྲུབ་པའི་འཐུས་མིའི་འོས་བབ་ཞིབ་དཔྱོད་ཨུ་ལྷན་གྱི་མིང་ཐོ་ལ་གྲོས་འཆམ་བྱུང་བ་དང་། མི་243ལས་གྲུབ་པའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་མིང་ཐོ་ལ་གྲོས་འཆམ་བྱུང་བ། ཝང་ཧུའུ་ཉིང་གིས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོའི་འགན་བཞེས་གནང་རྒྱུར་གྲོས་འཆམ་བྱུང་བ་རེད། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡི་སྒྲིག་གཞི་འཛུགས་སྟངས་དང་ལས་དོན་གྱི་འགན་འཁྲིའི་ཐད་གྲོས་འཚོགས་བྱས་པར་མ་ཟད་གྲོས་འཆམ་བྱུང་།
  ཚོགས་འདུའི་ཐོག་ད་དུང་ཚོགས་ཆེན་ཉི་ཤུ་པའི་གྲོས་རིམ་ལ་གྲོས་འཆམ་བྱུང་བ། ཚོགས་ཆེན་གྱི་གྲོས་རིམ་ནི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་གསན་ཏེ་ཞིབ་བཤེར་གནང་རྒྱུ་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་ཞུར་ཞིབ་བཤེར་བྱ་རྒྱུ། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(དག་བཅོས་འཆར་ཟིན)》ཞིབ་བཤེར་གཏན་འབེབས་བྱ་རྒྱུ། སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་རྒྱུ། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་རྒྱུ་བཅས་རེད།
༼ རྣམ་དཀར་ལྷ་མོས་བསྒྱུར། ༽


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1