༄༅། །ཨ་མདོའི་བསང་མཆོད།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་སྲིད་གཞུང་དྲ་བ། སྤེལ་དུས། 04-03


རམ་ཡམ་གང་མཆོད་ཨོམ་མ་ཧཱ ། །
རམ་ཡམ་གང་མཆོད་ཨོམ་མ་ཧཱ ། །
རམ་ཡམ་གང་མཆོད་ཨོམ་མ་ཧཱ ། །
མཆོད་མགོ་གཅིག་གཉསི་གསུམ་བཞི་ལྔ་དྲུག་བདུན ། །
བརྒྱད་དགུ་བཅུ་བཅུ་གཅིག་བཅུ་གཉིས་བཅུ་གསུམ་མཆོད ། །
མཆོད་བླ་མ་མཆོད ། །
སངས་རྒྱས་བྱངས་སེམས་དཔའ་བོ་མཁའ་འགྲོ་མཆོད ། །
ཡི་དམ་ཆོས་སྐྱོང་སྲུང་མ་མཆོད ། །
ཡུལ་ལྷ་གཞི་བདག་མཆོད ། །
བོད་མགོ་ནག་གི་སྐྱིད་རེ་ས་མཆོད ། །
ས་ཟག་གནམ་གོང་མ་རྒྱལ་མོ་མཆོད ། །
ས་བཅུ་བ་ཐོབ་པའི་སངས་རྒྱས་ཨ་མྱེས་རྨ་ཆེན་མཆོད ། །
ཡེ ། རྨ་འཁོར་སྟོང་ར་ལྔ་བརྒྱ་མཆོད ། །
རྨ་རིགས་སུམ་བརྒྱ་དྲུག་ཅུ་མཆོད ། །
སྐྱིད་བསླུ་བ་མེད་པའི་སྐྱབས་གནས་སྐྱབས་གནས་ཀྱི་ལྷ་མ་བླ་མ་དཀོན་མཆོག་གསུམ་པོ་མཆོད ། །
ལྷོ་ནུབ་སྲིན་པོའི་ཁ་གནོན་ན་བཞུགས་པའི་སློབ་དཔོན་ཆེན་པོ་ཨུ་རྒྱན་པད་མ་འབྱུང་གནས་མཆོད ། །
ཡེ ། གནས་འགངངས་ཆེན་བྲག་དཀར་སྤོས་རྫོང་མཆོད ། །
ཧང་ང་རི་རྒན་མཐོན་པོ་མཆོད ། །
ཧ་ཐོ་རྫ་རྒན་མཐོན་པོ་མཆོད ། །
བྲག་དཀར་ཐེམ་ཆེན་མཐོན་པོ་མཆོད ། །
ཡེ ། ཡེ་ཤིང་བ་ཤིང་མཐོན་པོ་མཆོད ། །
དབུ་ཡི་ཚྭ་མཚོ་དཀར་མོ་མཆོད ། །
མཚོ་མགོ་གློ་བ་རེ་མཆོད ། །
མཚོ་སྙིང་མ་ཧཱ་དེ་བ་མཆོད ། །
མཚོ་གཞུག་མཚེར་བ་རེས་མཆོད ། །
མཚོ་རྒན་མ་ཁྲི་གཤེགས་རྒྱལ་མོ་མཆོད ། །
ལྷ་མོ་སྟོང་གི་བླ་མཚོ་མཆོད ། །
ཀླུ་མོ་སྟོང་གི་བདག་པོ་མཆོད ། །
ཀླུ་རྒྱལ་གཙུག་ན་རིན་ཆེན་མཆོད ། །
ས་འདི་ལ་གནས་བའི་ས་བདག་མཆོད ། །
ཡུལ་འདི་ལ་གནས་བའི་གཞི་བདག་མཆོད ། །
ཁ་བལྟ་བའི་གཞི་བདག་མཆོད ། །
གྲོགས་ལ་མྱར་ནས་གཞི་བདག་མཆོད ། །
རྒྱབ་རྟེན་བྱེད་གནས་གཞི་བདག་མཆོད ། །
བྱང་ཕྱོགས་བྲག་རི་འབར་བའི་ཕོ་བྲང་ན་བཞུགས་ནས ། །
མདུང་དང་རལ་གྲི་ཕྱག་པའི་དཀྱིལ་འཁོར་ན་བཞུགས་ནས ། །
མི་རོ་དཀར་ཆེན་མཛེས་བའི་གདན་སྟེང་ན་བཞུགས་ནས ། །
སྐུ་གསུང་ཐུགས་ཀྱི་མགོན་པོ ། །
ཕྱོགས་ཀྱི་མགོན་པོ ། །
སྡེ་བརྒྱད་ཀྱི་མགོན་པོ ། །
དུག་གསུམ་ནད་ཀྱི་སྨན་པ ། །
རིག་འཛིན་ཡོངས་ཀྱི་སྲོག་ཤིང་ ། །
རྣལ་འབྱོར་ཀུན་གྱི་དགྲ་ལྷ ། །
དབུས་ཀྱི་དེ་བ་མགོན་པོ ། །
ཕྱི་ནང་གཉིས་ཀྱི་ཚོགས་བདག །
འཁོར་ནག་པོ་སྟོང་ཤ་ཟ་འབུམ་གྱིས་སྐོར་ནས ། །
ལྷ་དམག་བྱེ་བ་དུང་ཕྱུར་གྱི་བདག་པོ ། །
བསྟན་སྲུང་དགྲ་ལྷའི་རྒྱལ་བོ ། །
དཔོན་མགོན་ཚོགས་ཀྱི་བདག་པོ ། །
ལྷོ་ཕྱོགས་མཚོ་མུ་ཀླས་གཏིང་གི་ནང་ཤེལ་ན་བཞུགས་ནས ། །
ཐང་ཤིང་སྔོན་མོའི་གུར་ནང་ན་བཞུགས་ནས ། །
འབྱུང་བ་མེ་རླུང་འཚུབ་མའི་གདན་སྟེང་ན་བཞུགས་ནས ། །
མཁར་སྡེ་བཞི་རྒྱལ་མོ ། །
ཚེ་རིང་མཁྱེན་ལྔ ། །
བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས ། །
རྫོགས་ཆེན་བསྟན་པའི་སྲུང་མ་མ་ཅིག་དཔལ་ལྡན་ལྷ་མོ་མཆོད ། །
ཡང་སྙིང་རྒྱུ་ཀྱི་སྲུང་མ་མ་ཅིག་དཔལ་ལྡན་ལྷ་མོ་མཆོད ། །
མ་སྲུ་རྒྱུ་ཀྱི་སྲུང་མ་མ་ཅིག་དཔལ་ལྡན་ལྷ་མོ་མཆོད ། །
སྐྱེས་བུའི་ལུས་ཀྱི་སྲུང་མ་མ་ཅིག་དཔལ་ལྡན་ལྷ་མོ་མཆོད ། །
ལྷོ་ནུབ་སྲིན་ཡུལ་གླིང་ཁ་བུ་ཡུག་གྲོང་ཁྱེར་ན་བཞུགས་ནས ། །
སྟོད་རི་རྒྱལ་ལྷུན་པོའི་ཁོང་གསེང་ན་བཞུགས་ནས ། །
ཉི་ཟླ་ཆ་ལང་རྡེབ་བསི་གནས་ན་བཞུགས་ནས ། །
དམར་ནག་ཁྲག་མཚོ་འཁྲུག་པའི་གདན་སྟེང་ན་བཞུགས་ནས ། །
གཟའ་རྒོད་ཁྱབ་འཇུག་ཆེན་པོ་མཆོད ། །
གཟའ་རྒོད་དུག་གི་སྤུ་གྲི་མཆོད ། །
གཟའ་རྒོད་དུ་བ་མཇུག་རིང་མཆོད ། །
གཟའ་རྒོད་བདུད་པོ་རོག་མདོག་མཆོད ། །
གཟའ་རྒོད་ཆོས་སྐྱོང་ངོ་རྒྱུགས་མཆོད ། །
གཟའ་རྒོད་བུ་ནུ་རན་ཇ་མཆོད ། །
གཟའ་རྒོད་ཆད་པ་འཇིགས་རུང་མཆོད ། །
གཟའ་རྒོདལྗང་སྔོན་དྲག་པོ་མཆོད ། །
སྤྲུལ་བའི་གཟའ་ཆེན་བརྒྱད་པོ་མཆོད ། །
གཟའ་ཆེན་དུང་བརྡ་སྡེ་བཞི་མཆོད ། །
རྒྱུ་སྐར་ཉི་ཤུ་རྩ་བཞི་མཆོད ། །
ནུབ་ཕྱོགས་ཕ་བ་ལུང་བའི་སྐུ་མཁར་ན་བཞུགས་ནས ། །
དར་ཚོན་སྣ་ལྔའི་གུར་ནང་ན་བཞུགས་ནས ། །
ཕོ་ཆུང་འབྲུག་གི་ར་བར་ན་བཞུགས་ནས ། །
གནམ་ལྕགས་ཐོ་གི་མགར་ཁ་ན་བཞུགས་ནས ། །
སྐྱེས་བུ་ཆེན་པོ་སྐྱེས་མཆོག་རྡོ་རྗེ་ལེགས་པ ། །
ཇག་ལ་འགྱོ་བའི་ཇག་དཔོན་ཡོད་པའི་རྡོར་ལེགས ། །
དམག་ལ་འགྱོ་བའི་དམག་དཔོན་ཡོད་པའི་རྡོར་ལེགས ། །
ཚོང་ལ་འགྱོ་བའི་ཚོང་དཔོན་ཡོད་པའི་རྡོར་ལེགས ། །
མགྲོན་ལ་འགྱོ་བའི་མགྲོན་དཔོན་ཡོད་པའི་རྡོར་ལེགས ། །
ཕར་འགྲོ་རྣམས་ཀྱི་སྐྱེལ་མ་མཛད་ནས ། །
ཚུར་ཡོང་རྣམས་ཀྱི་བསུ་མ་མཛད་ནས ། །
བླ་མས་བརྟེན་ན་ཆོས་སྐྱོང་ཡིན་ནས ། །
སྐྱེས་བུས་བརྟེན་ན་དགྲ་ལྷ་ཡིན་ནས ། །
མ་སྲུམ་བརྟེན་ན་ཟས་ལྷ་ཡིན་ནས ། །
སྐྱེས་བུ་ཆེན་པོ་སྐྱེས་མཆོག་རྡོ་རྗེ་ལེགས་པ ། །
ཕྲན་འཁོར་སུམ་བརྒྱ་དྲུག་ཅུས་བསྐོར་ནས ། །
སྐྱེས་བུ་ཆེན་པོ་བརྟན་སྲུང་རྡོར་ལེགས་མཆོད ། །
སྟོད་བལ་བོ་སེར་བའི་ཁྲི་སྟེང་ན་བཞུགས་ནས ། །
བ་སོ་དུང་གི་ཁ་སྒང་ན་བཞུགས་ནས ། །
བན་འགྲུབ་བརྒྱའི་བདག་པོ ། །
བོན་འགྲུབ་སྟོང་གི་བདག་པོ ། །
བན་ཞྭ་མོ་ཅན་གྱི་བདག་པོ ། །
ཕ་ཁུའི་སྐྱེས་ལྷ་གཉན་པོ་བང་སྟག་གི་ཨ་མྱེས་བྲག་སེར་མཆོད ། །
རྫ་གངས་རི་དཀར་བའི་རྩེ་བརྒྱད་ན་བཞུགས་ནས ། །
བྲག་དཀར་རབ་བརྟན་ཐོགས་མེད་མཆོད ། །
བྲག་དཀར་དཀོན་མཆོག་འཀིགས་མེད་མཆོད ། །
བྲག་དཀར་བན་དེ་ཟུར་འཕེན་མཆོད ། །
སྦྲ་རོག་རོག་ཅན་ན་མགོན་སྐྱབས་བྱེད་ནས ། །
བསྟན་སྲུང་དགྲ་འདུལ་གྱི་རྒྱལ་བོ་བྲག་དཀར་མཆོད ། །
སྨད་མདོ་སྨད་ཤར་གྱི་ཕྱོགས་རི་ན་བཞུགས་ནས ། །
རྒྱ་བོད་གཉིས་ཀྱི་ས་མཚམས་ན་བཞུགས་ནས ། །
ཤར་ཕྱོགས་བཙན་གྱི་སྒང་གསེང་ན་བཞུགས་ནས ། །
ཡབ་ཆེན་པོ་སྔོ་ལྷ་གཡུ་རྩེ་མཆོད ། །
ཡུམ་ཆེན་མོ་མ་མ་ལུ་གུ་མཆོད ། །
བཀྲ་ཤིས་ལྷ་བྲག་དཀར་བོ་མཆོད ། །
གདོང་བྲག་ཟུར་ཁ་གཉན་པོ་མཆོད ། །
བྲག་གཤེལ་མགོ་དཀར་མགོ་སྔོན་མཆོད ། །
མི་ནག་གཉན་དམག་སྐྱ་བརྒྱ་མཆོད ། །
གོང་སྔོན་གཉན་གྱི་སྡེ་ཚོགས་མཆོད ། །
གཉན་ཆེན་པོ་སྔོ་ལྷ་གཡུ་རྩེ་མཆོད ། །
ཆུ་ཆེན་དལ་མོ་རབ་གི་ཁ་ན་བཞུགས་ནས ། །
སྟོད་འབབ་རྩེ་དཀར་མོ་གདོང་རྒྱུད་ན་བཞུགས་ནས ། །
སྒོ་ར་སྟག་ར་གཉིས་ཀྱི་ཕུ་མདོ་ན་བཞུགས་ནས ། །
སྡེ་བརྒྱད་རྩིགས་ལག་ཁང་གི་གོར་གསེང་ན་བཞུགས་ནས ། །
ཕོ་བྲང་དཀར་བོའི་ནང་ཤེལ་ན་བཞུགས་ནས ། །
ཇོ་ཐོག་སྔོན་མོའི་གདན་སྟེང་ན་བཞུགས་ནས ། །
གཡུ་ཐོག་སྔོན་མོའི་ནང་ཤེལ་ན་བཞུགམས་ནས ། །
ཆུ་ཁའི་ཤན་པའི་རྗེ་རྒྱལ་བོ་ཨ་མྱེས་ཡུལ་ལྷ་མཆོད ། །
སྟོད་རྒྱ་གར་ན་བཞུགས་པའི་ཀ་བ་རྫི་ཐུང་ ། །
སྨད་རྒྱ་ནག་ན་བཞུགས་པའི་མེ་རི་རྫི་ཐུང་ ། །
བོད་ཁ་བ་ཅན་ན་བཞུགས་པའི་ཤན་པ་རྫི་ཐུང་ ། །
ཤན་པ་སྟོང་གི་དམག་དཔོན ། །
གོས་མང་ནག་སྟོང་གི་ན་བཟའ་གོན་ནས ། །
ར་རོག་སྟོང་གི་ཤ་ཁྲག་བཞེས་ནས ། །
དྲེལ་དཀར་གི་བཅིབ་པ་བཅིབས་ནས ། །
རླུང་འཁོར་གི་གཤོག་པ་ཐོགས་ནས ། །
སྐད་ཅིག་གི་ཡུལ་ལ་ཕེབས་ནས ། །
ཐེངས་གསུམ་བོས་ན་དཀྱིལ་གསུམ་རྒྱག་ནས ། །
མྱུར་མགྱོགས་ཤན་པའི་ཡུལ་ལྷ ། །
གསེར་ཡིག་གསེར་ཐམ་གི་བདག་པོ ། །
དངུལ་ཡིག་དངུལ་ཐམ་གི་བདག་པོ ། །
འབའ་ཡིག་ཐམ་གསུམ་གི་བདག་པོ ། །
རྒྱ་མ་དངུལ་མྱིག་མའི་བདག་པོ ། །
བྲེ་ལྕགས་ཁ་མའི་བདག་པོ ། །
ལྷ་མཆོག་ཡུལ་ལྷ་གཉན་པོ ། །
ཆུ་ཁའི་ཨ་མྱེས་ཡུལ་ལྷ་མཆོད ། །
ནུབ་ཕྱོགས་བཙན་ཡུལ་ཟངས་ཐང་དམར་པོའི་ནང་ཤེལ་ན་བཞུགས་ནས ། །
བཙན་རིགས་གསུམ་བརྒྱ་དྲུག་ཅུའི་བདག་པོ ། །
བཙན་མགོན་རོལ་བ་སྐྱ་བདུན ། །
བཙན་མི་དམར་རྟ་དམར་ཅན་སྟོང་གི་བདག་པོ ། །
གནོད་སྦྱིན་ཅི་བུ་དམར་པོ་མཆོད ། །
སྟོད་ལྷ་ཆེན་ཚངས་པ་དཀར་པོ་མཆོད ། །
ཨ་ནེ་གོང་སྨན་རྒྱལ་མོ་མཆོད ། །
གླིང་གི་དཔའ་རྟུལ་སུམ་ཅུ་མཆོད ། །
རྒྱ་གར་གྲུབ་ཆེན་བརྒྱད་ཅུ་མཆོད ། །
ཇ་མ་མིང་ཆེན་བཅོ་བརྒྱད་མཆོད ། །
ཕོ་ལུས་དུང་སྐྱོང་དཀར་པོ་མཆོད ། །
དགྲ་ལྷའི་གཡུ་འབྲུག་སྔོན་མོ་མཆོད ། །
ས་ལྷའི་རྒྱ་སྟག་དམར་བོའི་མཆོད ། །
ང་ཕ་ཁུ་དགྲ་ལྷ་ཅན་གི་དགྲ་ལྷ་མཆོད ། །
མ་སྲུ་ཟས་ལྷ་ཅན་གི་ཟས་ལྷ་མཆོད ། །
ཕོ་ལྷ་དགྲ་ལྷ་མཆོད ། །
ཟ་ལྷ་གྲོགས་ལྷ་མཆོད ། །
མགོ་ཡི་ལྷ་ལྔ་མཆོད ། །
རླུང་རྟ་སྡེ་བརྒྱད་མཆོད ། །
སྐྱོབས་པའི་ལྷ་དགུ་མཆོད ། །
ཡུལ་ལྷ་གཞི་བདག་མཆོད ། །
ས་འདི་ལ་གནས་པའི་ས་བདག་མཆོད ། །
ཡུལ་འདི་ལ་གནས་པའི་གཞི་བདག་མཆོད ། །
སྟོད་དབུས་གཙང་ཇོ་ཤག་རྣམ་གསུམ་ལ་གནས་པའི་གཞི་བདག་མཆོད ། །
དགུང་ཨ་སྔོན་ཉི་ཟླ་སྐར་གསུམ་ལ་གནས་པའི་གཞི་བདག་མཆོད ། །
ས་དོག་མོ་རྩི་ཤིང་ནགས་ཚལ་ལ་གནས་པའི་གཞི་བདག་མཆོད ། །
ཆུ་གཙང་བོ་ཉ་སྲམ་གསེར་མིག་ལ་གནས་པའི་གཞི་བདག་མཆོད ། །
མཆོད་ཨོམ་མ་ཧཱ  མཆོད་ཨོམ་མ་ཧཱ   མཆོད་ཨོམ་མ་ཧཱ
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1