རྔ་བ་ཁུལ་ཆོས་ལུགས་ལས་རིགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འགོ་ཚུགས་མཛད་སྒོར་བལྟས།

རྩོམ་སྒྲིག་པ།འཇིགས་མེད། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-16


སྤྱི་ཟླ་10པའི་ཚེས་16ཉིན།  རྔ་བ་ཁུལ་རྒྱ་ཆེའི་ཆོས་ལུགས་སྡེ་ཁག་མི་སྣ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མི་རིགས་ཆོས་ལུགས་ཅུས། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་མི་སྣས་དགའ་བའི་འཛུམ་དང་སྤྲོ་བའི་སེམས་ཀྱིས་བརྙན་འཕྲིན་དང་རྩིས་འཕྲུལ། ཁ་པར་སོགས་ཀྱི་ལམ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འགོ་ཚུགས་མཛད་སྒོ་ལ་བལྟས་ཤིང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་གསུང་བཤད་གནང་བར་ཉན།  

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་ཞུ་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་ནས་ད་ལྟའི་བར་གྱི་གཡུར་དུ་ཟ་བའི་འབྲས་བུ་ལ་ཁས་ལེན་གནང་བ་དང་།  མ་འོངས་པའི་ལོ་ལྔ་དང་དེ་ལས་རིང་བའི་དུས་ཡུན་ནང་གི་འཚོ་བ་ལ་ཡིད་ཆེས་ཡོད་པ་བསྟན།    ལྷག་པར་དུ་ཆོས་ལུགས་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་རེ་ལྟར་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཕྱོགས་སུ་རྒྱུན་འཁྱོངས་ཅི་ལྟར་བྱེད་དགོས་པའི་ཐད་མྱོང་ཚོར་ལེགས་པོ་གླེང་སྟེ། ཆོས་ལུགས་སྡེ་ཁག་གི་མི་སྣ་ཞིག་ཡིན་པའི་ཆ་ནས། རང་འགུལ་གྱིས་བསམ་བློ་དང་སྤྱོད་པ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་པ་དང་གཅིག་གྱུར་ཡོང་དགོས་ཞེས་གཅིག་རྗེས་གཉིས་མཐུད་དུ་བཤད།      

 

                                                                              རྔ་བ་ཁུལ་ཀི་རྟིའི་དགོན་པའི་དོ་དམ་ཨུ་ལྷན་ཁང་གི་ལས་བྱེད་པ་དང་གྲྭ་བས་ཏང་གི་ཚོགས་ཆེན་ཉི་ཤུའི་བའི་འགོ་ཚུགས་མཛད་སྒོ་ལྟ་བཞིན་པ།

 

                                  ཟུང་ཆུ་རྫོང་གི་ཆོས་ལུགས་སྡེ་ཁག་གི་མི་སྣ་རྣམས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུའི་བའི་འགོ་ཚུགས་མཛད་སྒོ་ལྟ་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1