ཚོགས་ཆེན་ཉི་ཤུ་པའི་དུས་སྐབས། ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འཆི་མེད་རྡོ་རྗེས། གྲུབ་འབྲས་འགྲེམས་སྟོན་ཐོག་ནས་ངས་རང་ཉིད་མཐོང་བྱུང་ཞེས་བཤད།

རྩོམ་སྒྲིག་པ།འཇིགས་མེད། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-18


སྤྱི་ཟླ་10པའི་ཚེས་17ཉིན་གྱི་དགུང་མོར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སི་ཁྲོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་པེ་ཅིན་འགྲེམས་སྟོན་ཁང་དུ་ཕྱིན་ནས། “དུས་རབས་གསར་པར་བསྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སི་ཁྲོན་དུ་མངོན་འགྱུར་བྱུང་བའི་ལོ་རྒྱུས་ཀྱི་མཆོང་སྐྱོད་རེ་རེ། པར་རིས་དང་དངོས་པོ། དཔེ་དབྱིབས་སོགས་བརྒྱུད་ནས་གྲུབ་འབྲས་འགྲེམས་སྟོན་ཐོག་མངོན་པར་བྱས་ཡོད། “ཨེ། ངས་རང་ཉིད་མཐོང་བྱུང་”ཞེས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི། ཀྲུང་གོའི་སྦྲག་སྲིད་ཚོགས་པའི་ཚད་ཡོད་སྤྱི་གཉེར་ཁང་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་ཡན་ལག་སྤྱི་གཉེར་ཁང་གི་སྦྲག་སྐྱེལ་ཁ་ལོ་བའི་ཚོ་ཆུང་གི་ཙུའུ་ཀྲང་འཆི་མེད་རྡོ་རྗེས་གློ་བུར་དུ་འགྲེམས་སྟོན་ཐོག་གི་འདྲ་པར་ཞིག་ལ་མཛུབ་མོ་བཙུགས་ཤིང་ཁ་ཕྱིར་འཁོར་ཏེ་ཉེ་འགྲམ་གྱི་ཏང་གི་འཐུས་མི་ཚོར་བཤད།

ལོ་བཅུའི་འཕོ་འགྱུར་ཆེན་པོའི་ནང་དཀར་མཛེས་ཁུལ་གྱི་"ལམ་"ནི་མི་གླེང་ཐབས་མེད་ཀྱི་གྲངས་ཀའི་འགྱུར་ཚད་ཅིག་རེད།

འདས་པའི་ལོ་བཅུའི་རིང་། གངས་ལྗོངས་མཐོ་སྒང་གི་འགྲིམ་འགྲུལ་འཕོ་འགྱུར་དེ་ཉིན་རེར་ལེ་བར་སྟོང་ཕྲག་གིས་ཆོད་ཅིང་། ཁྲེང་ཏུའུ་ནས་དར་རྩེ་མདོའི་བར་དུ་མྱུར་བགྲོད་གཞུང་ལམ་ཤར་གཏོང་བྱས་པ་དང་ཁྲོ་ལ་རི་བོར་ཕུག་ལམ་ལེགས་འགྲུབ་བྱུང་ནས་“ཁྲོན་བོད་ཀྱི་ཉེན་ཁ་ཆེ་ཤོས”སུ་བགྲོད་པར་རླངས་འཁོར་གྱི་ལམ་ཐག་སྐར་མ་10ལས་མི་དགོས་པ་དང་། ད་དུང“མིའི་རིགས་ཀྱི་ངོ་མཚར་ལས་གྲྭ”རུ་འབོད་པའི་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། །   སྒྲོལ་མ་ཚེ་བརྟན་གྱིས་བསྒྱུར།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1