ཚོཊ་ཆེན་ཉི་ཤུ་པའི་ཀྲུའུ་ཞི་ཚོཊ་པས་གྲོས་ཚོཊ་ཐེངས་གཉིས་པ་འཚོཊ་པ།

རྩོམ་སྒྲིག་པ།འཇིགས་མེད། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 10-19


     ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་སྐོང་འཚོགས་བྱས་པ་དང་། ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།

     ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀྲུའུ་ཞི་ཚོགས་པས་སྤྱི་ཚེས་18ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་གྲོས་ཚོགས་ཐེངས་གཉིས་པ་སྐོང་འཚོགས་བྱས་པ་རེད།  

     ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད། 

     གྲོས་ཚོགས་ཐོག་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་གི་བཟོ་བཅོས་མ་ཟིན》སྐོར་གྱི་གྲོས་ཆོད་འཆར་ཟིན་བཅས་འཐུས་མི་ཚོགས་པ་ཁག་ལ་གྲོས་བསྡུར་བྱ་རྒྱུར་འབུལ་རྒྱུར་གྲོས་འཆམ་བྱུང་ཡོད།

     ཚོགས་ཆེན་གྱི་དྲུང་ཆེ་གཞོན་པ་ཁྲེན་ཞི་ཡིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འོས་འདེམས་མི་སྣའི་གྲ་སྒྲིག་འོས་མིའི་གྲོས་འགོའི་མིང་ཐོའི་ཐད་གསལ་བཤད་གནང་ཡོད།

     གྲོས་ཚོགས་ཐོག་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འོས་འདེམས་མི་སྣའི་གྲ་སྒྲིག་འོས་མིའི་གྲོས་འགོའི་མིང་ཐོར་གྲོས་འཆམ་བྱུང་བ་དང་། འཐུས་མི་ཚོགས་པ་ཁག་ལ་གྲོས་བསྡུར་བྱ་རྒྱུར་ཕུལ་ཡོད།

     གྲོས་ཚོགས་ཐོག་འཐུས་མི་ཚོགས་པ་ཁག་གིས་གྲོས་བསྡུར་བྱས་པའི་ཚོགས་ཆེན་གྱི་འདེམས་བསྐོའི་བྱ་ཐབས་ལ་གྲོས་འཆམ་བྱུང་ཡོད། གྲོས་ཚོགས་ཐོག་ད་དུང་འདེམས་ཤོག་ལྟ་ཞིབ་པ་དང་། སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པའི་མིང་ཐོར་གྲོས་འཆམ་བྱུང་བ་དང་། འདེམས་བསྐོ་དངོས་སུ་བྱ་སྐབས་ཚོགས་ཆེན་ལ་གྲོས་འཆམ་བྱ་རྒྱུར་འབུལ་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1