ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་སྐད་ཆ་འདི་དག་ཡིད་ལ་ངེས་དགོས།

རྩོམ་སྒྲིག་པ།འཇིགས་མེད། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-20


 ཟླ་10པའི་ཚེས་16ཉིན། ཏང་གི་ཚོགས་ཆེན་ཉི་ཤུ་པ་འགོ་ཚུགས་ཤིང་། ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྙན་ཞུ་གནང་བ་རེད། སྙན་ཞུ་ནང་གི་སྐད་ཆ་འདི་དག་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཡིད་ལ་དམ་པོར་ངེས་དགོས། 


1

   ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་རིང་གི་འབད་འཐབ་ལོ་རྒྱུས་ཀྱི་ལམ་བུར་བསྐྱོད་ཟིན། ང་ཚོའི་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་དུས་གཏན་གྱི་རླབས་ཆེན་བྱ་གཞག་ལ་གཞོལ་བ་དང་། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་གཞོལ་ཡོད། འགན་འཁྲི་ཤིན་ཏུ་ཆེ་ལ། ལས་འགན་ནི་གཟི་བརྗིད་བླ་ན་མེད་པ་ཞིག་རེད། 

2

   ད་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱ་རྒྱུ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།

3

   རྒྱལ་སྲིད་ནི་མི་དམངས་ཡིན་ལ་མི་དམངས་ནི་རྒྱལ་སྲིད་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྒྱལ་སྲིད་འཐོབ་པར་བྱེད་པ་དང་རྒྱལ་སྲིད་སྐྱོང་བར་བྱེད་པའི་བསྐྱང་བྱ་ནི་མི་དམངས་ཀྱི་སེམས་ཡིན། 

4

   མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་ངོ་བོའི་བླང་བྱ་ཡིན། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱས་ནས། ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་རྒྱུར་སྐུལ་ལྕག་གཏོང་བ་དང་། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཡིད་སྨོན་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་དགོས། 

5

   ཏང་ཡོངས་ཀྱིས་ངེས་པར་བློ་ལ་བརྟན་པོ་ངེས་དགོས་པར། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལས་ཀ་མཚམས་འཇོག་རྒྱུ་མེད། ཏང་གི་རང་ཉིད་གསར་བརྗེ་ལས་ཀ་མཚམས་འཇོག་རྒྱུ་མེད། ལྷོད་གཡེང་ངལ་གསོ་དང་ཐང་ཆད་སུན་སྣང་སྐྱེ་བའི་བསམ་ཚུལ་ཡོང་མི་རུང་། 

6

   དུས་རབས་ཀྱིས་ང་ཚོར་འབོད་བརྡ་གཏོང་བ་དང་མི་དམངས་ཀྱིས་ང་ཚོར་རེ་སྒུག་བྱེད་བཞིན་ཡོད་པས། བློ་རྩ་བརྟན་ཞིང་འགྱུར་བ་མེད་པ་དང་། བྱ་སྤྱོད་དངོས་ལ་ལྷོད་གཡེང་མེད་པ་བྱས་ན་ད་གཟོད་དུས་རབས་ཀྱི་མངག་བཅོལ་སྟོང་ཟད་དུ་མི་གཏོང་བ་དང་། མི་དམངས་ཀྱི་རེ་བཅོལ་སྟོང་ཟད་དུ་མི་གཏོང་བ་རེད། 

7

   བྱ་བ་སྒྲུབ་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་བྱ་བ་གང་བྱེད་པར་མི་དམངས་ལ་བརྟེན་དགོས་པ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་དེ། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་སྲུང་འཛིན་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་སྐྱོན་བརྗོད་དང་ལྟ་སྐུལ་དང་ལེན། ཐོག་མཐའ་བར་གསུམ་དུ་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་དང་མཐུན་སྒྲིལ༌བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཐོག བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་བསམ་མངོན་དུ་འགྱུར་བའི་འགྲིལ་ཤུགས་ཆེན་པོ་ཆགས་པ་བྱེད་དགོས། 

8

   སྟོང་གཏམ་གྱིས་རྒྱལ་ཁབ་ཕུང་བ་དང་དངོས་སྒྲུབ་ཀྱིས་རྒྱལ་ཁབ་དར་རྒྱས་གཏོང་བ་བློ་ལ་བརྟན་པོར་ངེས་ནས། ཡིད་ཆེས་བརྟན་པོ་དང་། བློ་གཅིག་སེམས་གཅིག དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པ། དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་བར་མཐུན་སྒྲིལ་གྱིས་འབད་བརྩོན་བྱེད་དགོས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1