མ་འོངས་ལོ་ལྔའི་རིང་ང་ཚོས་འདི་ལྟར་བྱེད་དགོས།

རྩོམ་སྒྲིག་པ།འཇིགས་མེད། ཡོང་ཁུངས།བོད་ལྗངས་ཉིན་རེའི་ཚགས་པར། སྤེལ་དུས། 10-27


ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་གསལ་འགྲེལ། 

 མ་འོངས་ལོ་ལྔའི་རིང་ང་ཚོས་འདི་ལྟར་བྱེད་དགོས། 

01 

བཟོ་ལས་ཅན་དཔེ་གསར་ལ་སྐུལ་འདེད་གཏོང་དགོས། 

    དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དངོས་ཚན་དཔལ་འབྱོར་གྱི་ཐད་འཇོག་པ་མཐའ་འཁྱོངས་བྱས་ནས། བཟོ་ལས་ཅན་དཔེ་གསར་ལ་སྐུལ་འདེད་བཏང་སྟེ། བཟོ་སྐྲུན་གྱི་རྒྱལ་ཁབ་སྟོབས་ཆེན་དང་། སྤུས་ཚད་ཀྱི་རྒྱལ་ཁབ་སྟོབས་ཆེན། འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན། འགྲིམ་འགྲུལ་གྱི་རྒྱལ་ཁབ་སྟོབས་ཆེན། དྲ་སྦྲེལ་གྱི་རྒྱལ་ཁབ་སྟོབས་ཆེན། གྲངས་འཛིན་གྱི་ཀྲུང་གོ་བཅས་མགྱོགས་པོ་སྐྲུན་དགོས།

02 

 

གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།

    གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་སྐྲུན་པ། གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་པ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་བརྟན་དུ་གཏོང་བ་དང་། རྨོ་ཞིང་མུའུ་དུང་ཕྱུར་བཅོ་བརྒྱད་ཀྱི་མཐའ་ཚད་ཡག་པོ་བསྲུངས་ཏེ། ཀྲུང་གོ་བའི་འཚོ་རྟེན་རང་ཉིད་ཀྱི་ལག་ཏུ་བརྟན་པོར་འཛིན་ཐུབ་པའི་འགན་ལེན་བྱེད་དགོས།

03 

སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་མགྱོགས་མྱུར་འཛུགས་དགོས། 

    ང་ཚོས་མི་དམངས་ཀྱི་བློ་ལ་འབབ་པའི་སློབ་གསོ་ཡག་པོ་གཉེར་བ་དང་། ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ། སྤྱོད་ལམ་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་མགྱོགས་མྱུར་འཛུགས་པ། བྱང་ཚད་སློབ་གསོ་འཕེལ་རྒྱས་གཏོང་བ་བཅས་བྱས་ནས། སློབ་གསོ་དྲང་གཞག་ལ་སྐུལ་འདེད་གཏོང་དགོས།

04 

འཛམ་གླིང་གི་ཤེས་ལྡན་པའི་ལྟེ་གནས་གལ་ཆེན་དང་གསར་གཏོད་ཀྱི་མཐོ་ས་མགྱོགས་མྱུར་སྐྲུན་དགོས། 

    ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་ཏེ། ངལ་རྩོལ་ལ་བརྩི་འཇོག་དང་། ཤེས་ཡོན་ལ་བརྩི་འཇོག ཤེས་ལྡན་པར་བརྩི་འཇོག གསར་གཏོད་ལ་བརྩི་འཇོག་བཅས་མཐའ་འཁྱོངས་བྱས་ནས། ཤེས་ལྡན་པའི་འཐབ་ཇུས་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བ་དང་། འཛམ་གླིང་གི་ཤེས་ལྡན་པའི་ལྟེ་གནས་གལ་ཆེན་དང་གསར་གཏོད་ཀྱི་མཐོ་ས་མགྱོགས་མྱུར་འཛུགས་སྐྲུན། ཤེས་ལྡན་པའི་རྒྱལ་སྤྱིའི་བསྡུར་བའི་ལེགས་ཆ་ཆགས་པར་བཅས་བྱས་ནས། ཕྱོགས་ཁག་གི་ཕུལ་བྱུང་ཤེས་ལྡན་པ་ཏང་དང་མི་དམངས་ཀྱི་བྱ་གཞག་གི་ཁྲོད་དུ་བསྡུ་བར་བྱེད་དགོས།

05 

བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་དགོས། 

    བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོའི་ཁྱད་ཆོས་ཤིག་ཡིན་ཞིང་། དེ་ནི་ཁྱབ་ཆེ་ཤོས་དང་། ལྷད་མེད་ཤོས། གོ་ཆོད་ཤོས་བཅས་ཀྱི་དམངས་གཙོ་ཞིག་རེད།

    ང་ཚོས་མི་དམངས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་དམངས་གོ་རིམ་ལྡན་པའི་ངང་ཆབ་སྲིད་ལ་ཞུགས་རྒྱ་ཆེ་རུ་བཏང་སྟེ། མི་དམངས་ཁྲིམས་ལྟར་དམངས་གཙོའི་འདེམས་བསྐོ་དང་། དམངས་གཙོའི་གྲོས་མོལ། དམངས་གཙོའི་གྲོས་གཅོད། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་བཅས་ལ་ཞུགས་པའི་འགན་ལེན་བྱེད་དགོས་པ་དང་། མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་གྱི་རང་བཞིན་དང་། རང་འགུལ་གྱི་རང་བཞིན། གསར་གཏོད་ཀྱི་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱས་ནས། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་བརྟན་ལྷིང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།

06 

དམ་ནན་དང་། ཚད་ལྡན། གཞུང་དྲང་། ཡ་རབས་བཅས་ཀྱི་ཁྲིམས་འཛིན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། 

    ཁྲིམས་ལྟར་སྲིད་འཛིན་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྲིད་གཞུང་གི་འགན་ནུས་སྒྱུར་བར་སྲིད་གཞུང་གི་འགན་འཁྲིའི་མ་ལག་དང་རྩ་འཛུགས་ཀྱི་གྲུབ་ཚུལ་ལེགས་སུ་གཏོང་བ། སྲིད་འཛིན་གྱི་ལས་ཆོད་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། དམ་ནན་དང་། ཚད་ལྡན། གཞུང་དྲང་། ཡ་རབས་བཅས་ཀྱི་ཁྲིམས་འཛིན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།

07 

གཞུང་དྲང་དང་། ནུས་ཆེ། དབང་གྲགས་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་མགྱོགས་མྱུར་འཛུགས་དགོས། 

    ཁྲིམས་འཛིན་གཞུང་དྲང་ནན་པོ་དང་། ཁྲིམས་འཛིན་སྒྲིག་སྲོལ་གྱི་ཕྱོགས་བསྡུས་ལེ་ལག་ཚང་བའི་སྒྱུར་བཅོས་གཏིང་ཟབ། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་དོན་འཁྱོལ་གནད་སྨིན། གཞུང་དྲང་དང་། ནུས་ཆེ། དབང་གྲགས་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་མགྱོགས་མྱུར་བཙུགས་ནས། མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་ནས་འདྲ་མཉམ་དང་གཞུང་དྲང་ཚོར་ཐུབ་པའི་འབད་བརྩོན་བྱེད་དགོས།

 08 

དེང་རབས་ཅན་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། 

    རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་ཡོང་བ་དང་། མི་དམངས་ལྟེ་བར་འཛིན་པའི་གསར་གཏོད་ཕྱོགས་སྟོན་དུ་མཐའ་འཁྱོངས་བྱས་ནས། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་འཕེལ་བའི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་བ་འདོན་པ་དང་། དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་བཟོ་བ། རིག་གནས་ཐོན་ལས་རྣམ་གྲངས་གལ་ཆེན་ལ་ཁྲིད་སྟོན་བྱེད་པའི་འཐབ་ཇུས་ལག་ལེན་བསྟར་དགོས།

09 

དཀའ་སྤྱད་ཕྱུག་འགྱུར་ལ་སྐུལ་ལྕག་དང་གོ་སྐབས་འདྲ་མཉམ་ལ་སྐུལ་འདེད་གཏོང་དགོས། 

    ང་ཚོས་བགོ་འགྲེམ་ལམ་ལུགས་འཐུས་ཚང་བཟོ་བ་དང་། རྩོལ་བསྟུན་ཐོབ་སྤྲོད་དང་། སྣེ་མང་བགོ་འགྲེམ་བྱ་ཐབས་མཉམ་གནས་མཐའ་འཁྱོངས། ལས་མང་ཐོབ་མང་མཐའ་འཁྱོངས་བཅས་བྱས་ནས། དཀའ་སྤྱད་ཕྱུག་འགྱུར་ལ་སྐུལ་ལྕག་དང་གོ་སྐབས་འདྲ་མཉམ་ལ་སྐུལ་འདེད་བཏང་སྟེ། ཡོང་འབབ་དམའ་བའི་ཡོང་འབབ་མང་དུ་གཏོང་བ་དང་། ཡོང་འབབ་འབྲིང་བའི་ཚོགས་སྤྱི་རྒྱ་སྐྱེད་གཏོང་བ། ཡོང་འབབ་བགོ་འགྲེམ་ལམ་ལུགས་ཚད་ལྡན་དུ་གཏོང་བ། རྒྱུ་ནོར་གསོག་འཇོག་གི་ལམ་ལུགས་འཐུས་ཚང་བཟོ་བ་བཅས་བྱེད་དགོས།

10 

ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་ལེན་བསྟར་དགོས།

    ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་ལེན་བསྟར་ནས། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་བསྟར་ཤུགས་ཆེ་རུ་གཏོང་བ་དང་། ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ལས་ཞུགས་ཐ་སྐྱོང་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། འདྲ་མཉམ་ལས་ཞུགས་ལ་ཤུགས་རྐྱེན་བཟོ་བའི་ལུགས་མཐུན་མིན་པའི་ཚད་བཀག་དང་ལས་ཞུགས་ལ་མཐོང་ཆུང་བྱེད་པ་མེད་པར་བཟོས་ནས། མི་ཚང་མར་དཀའ་སྤྱད་ངལ་རྩོལ་བྱས་ཏེ་རང་ངོས་འཕེལ་རྒྱས་གཏོང་བའི་གོ་སྐབས་ཡོད་པར་བྱེད་དགོས།

 11 

ནད་ཡམས་ཚབས་ཆེན་གྱི་རིམས་འགོག་སྐྱོབ་བཅོས་མ་ལག་དང་འཕྲལ་སྡོམ་བྱེད་ནུས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། 

    བདེ་ཐང་གི་ཀྲུང་གོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་བདེ་ཐང་ལ་འགན་ལེན་བྱེད་རྒྱུ་འཕེལ་རྒྱས་སྔོན་ལ་འཇོག་པའི་འཐབ་ཇུས་ཀྱི་གནས་བབ་ཏུ་བཞག་ནས། བུ་བཙའི་རྒྱབ་སྐྱོར་གྱི་སྲིད་ཇུས་མ་ལག་འཛུགས་པ་དང་། མི་འབོར་ན་རྒས་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་ཧུར་ཐག་བྱེད་པ། ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་སྟེ།  སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ནད་ཡམས་ཚབས་ཆེན་གྱི་རིམས་འགོག་སྐྱོབ་བཅོས་མ་ལག་དང་འཕྲལ་སྡོམ་བྱེད་ནུས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། འགོ་ནད་རང་བཞིན་གྱི་ནད་གཞི་ཚབས་ཆེན་མི་མཆེད་པར་བྱེད་དགོས།

12 

མུ་མཐུད་གནམ་སྔོན་པོ་དང་། ཆུ་ལྗང་ཁུ། ས་གཙང་མ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་རྒྱག་དགོས། 

    ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། གནམ་སྔོན་པོ་དང་། ཆུ་ལྗང་ཁུ། ས་གཙང་མ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་གཏིང་ཟབ་བརྒྱབ་སྟེ། གཞི་རྩའི་ཆ་ནས་སྦགས་བཙོག་ཆེ་བའི་གནམ་གཤིས་མི་སྟོན་པ་དང་། གཞི་རྩའི་ཆ་ནས་གྲོང་ཁྱེར་དུ་ནག་ནོག་དྲི་ངན་ཅན་གྱི་ཆུ་མེད་པར་བཟོ་བ། ས་རྒྱུར་སྦགས་བཙོག་བཟོ་བའི་འབྱུང་རྩར་སྔོན་འགོག་དང་ཚོད་འཛིན་བྱེད་པར་ཤུགས་སྣོན་རྒྱག་པ། ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་གོང་མཐོར་གཏོང་བཅས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་གཏོང་དགོས།

13 

སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོང་དང་སླར་གསོའི་ལས་གྲྭ་གལ་ཆེན་མགྱོགས་མྱུར་ལག་ལེན་བསྟར་དགོས། 

    སྐྱེ་ཁམས་མ་ལག་གི་སྣ་མང་གི་རང་བཞིན་དང་། བརྟན་ལྷིང་གི་རང་བཞིན། རྒྱུན་མཐུད་ཀྱི་རང་བཞིན་བཅས་གོང་མཐོར་བཏང་ནས། སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོང་དང་སླར་གསོའི་ལག་གྲྭ་གལ་ཆེན་མགྱོགས་མྱུར་ལག་ལེན་བསྟར་བ་དང་། སྐྱེ་དངོས་སྣ་མང་གི་རང་བཞིན་སྲུང་སྐྱོང་བྱེད་པའི་ལས་གྲྭ་གལ་ཆེན་ལག་བསྟར། རྩྭ་ཐང་དང་། ནགས་ཚལ། གཙང་པོ། མཚོ། འདམ་ར་བཅས་ཀྱི་སླར་གསོ་སྐྱེ་འཕེལ་ལ་སྐུལ་སྤེལ། ལོ་བཅུ་འབྲི་ཆུར་ཉ་རྒྱ་བསྡམས་པ་ལག་བསྟར། ས་ཞིང་འདེབས་བསྙལ་ལམ་ལུགས་འཐུས་ཚང་བཟོ་བ། ཕྱི་འོང་སྐྱེ་དངོས་ཀྱིས་གནོད་འཚེ་བཟོ་བར་འགོག་བཅོས་བཅས་བྱེད་དགོས།

14 

དམ་ནན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་སྤྱོད་བཟང་སྒྲིག་ནན་ལ་ཤུགས་སྣོན་རྒྱག་དགོས། 

    དམ་ནན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་སྤྱོད་བཟང་སྒྲིག་ནན་ལ་ཤུགས་སྣོན་རྒྱག་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པ། མུ་མཐུད“སྤྱོད་ཚུལ་བཞི”ལ་ཡོ་བསྲང་བཅོས་སྐྱོང་གཏིང་ཟབ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་གཙོ་གནད་ཞིབ་བཤེར་ཐག་གཅོད་བྱེད་པ། ཁྱད་དབང་གི་བསམ་བློ་དང་ཁྱད་དབང་གི་བྱ་སྤྱོད་མཐའ་གཅིག་ཏུ་མེད་པར་བཟོ་བ་བཅས་བྱེད་དགོས།

15 

རུལ་རྒོལ་དམག་འཐབ་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་མཐུད་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས། 

    རུལ་རྒོལ་དམག་འཐབ་ཀྱི་འགག་སྒྲོལ་དམག་འཐབ་དང་ཡུན་རིང་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས་ཤིང་། རུལ་སུངས་ནི་ཏང་གི་གསོན་ཤུགས་དང་འཐབ་ནུས་ལ་གནོད་འཚེ་བཟོ་བའི་དུག་སྐྲན་ཆེ་ཤོས་དེ་ཡིན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི་ཆེས་མཐར་ཕྱིན་པའི་རང་ངོས་ཀྱི་གསར་བརྗེ་རེད། རུལ་སུངས་ཀྱི་གནད་དོན་ཐོན་ས་དང་ཐོན་རྐྱེན་ཡོད་ཕྱིན། རུལ་རྒོལ་བྱེད་པའི་འཐབ་རྩོད་སྐད་ཅིག་ཙམ་ཡང་མཚམས་མི་འཇོག་པར། ངེས་པར་དུ་ནམ་ཡང་དྲན་སྐུལ་གྱི་དུང་བརྡ་བཏང་སྟེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་མཐའ་འཁྱོངས་བཏང་སྟེ། ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ལ་བརྟེན་ནས་རུལ་རྒོལ་དང་ཆད་པ་གཅོད་མཚམས་རྩ་བ་ནས་འཇོག་མི་རུང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1