དབྱིན་ཇི་དང་ནོར་ཝེ་རྒྱལ་ཁབ་གཉིས་ཀྱིས་འཛམ་གླིང་ཐོག་ཆེས་རིང་བའི་མཚོ་འོག་གི་ནུས་ཁུངས་སྐྱེལ་འདྲེན་སྦུག་ལམ་འཛུགས་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-08


དབྱིན་ཇིའི་ནུས་ཁུངས་བློན་ཆེན་ཨེད་དྷེ་ཝེ(Ed Davey)།

 ཉེ་ཆར། དབྱིན་ཇི་དང་ནོར་ཝེ་རྒྱལ་ཁབ་གཉིས་ཀྱིས་འཛམ་གླིང་ཐོག་ཆེས་རིང་བའི་མཚོ་འོག་གི་ནུས་ཁུངས་སྐྱེལ་འདྲེན་སྦུག་ལམ་མཉམ་དུ་འཛུགས་པའི་འཆར་གཞི་འཇོག་བཞིན་ཡོད་ལ།   གློག་ཤུགས་དང་རང་བྱུང་སོལ་རླངས་ཀྱི་སྐྱེལ་འདྲེན་དྲ་བ་བརྒྱུད།  དབྱིན་ཇིའི་སྡོད་དམངས་ཀྱི་ཁྱིམ་ཚང་ཕལ་ཆེར་ཁྲི་75ལ་ཐན་ཉུང་ནུས་ཁུངས་འདོན་སྤྲོད་བྱ་རྒྱུ་རེད།   

དབྱིན་ཇིའི་རང་བྱུང་སོལ་རླངས་དང་གློག་ཤུགས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ལས་ཁུངས་Ofgemཡིས་བསྡོམས་རྩིས་བྱས་པ་ལྟར་ན། རིན་གོང་དམའ་མོའི་སྒོ་ནས་གློག་ཤུགས་ནང་འདྲེན་བྱས་ཏེ། མ་འོངས་པའི་ལོ་ངོ་25ཡི་རིང་ལ།   དབྱིན་ཇིའི་སྡོད་དམངས་ལ་ནུས་ཁུངས་འགྲོ་སོང་དབྱིན་སྒོར་དུང་ཕྱུར་35གྲོན་ཆུང་བྱ་རྒྱུ་ཡིན་པ་དང་།  དབྱིན་ཇིའི་ནུས་ཁུངས་བློན་ཆེན་ཨེད་དྷེ་ཝེ་(Ed Davey)ཡིས།   ཐེངས་འདིའི་མཉམ་ལས་ཀྱིས་དབྱིན་ཇི་ལ་ནོར་ཝེ་ཡི་ཆུ་ཤུགས་ཐོན་ཁུངས་གཙང་མ་ཐོབ་པར་རོགས་རམ་བྱས་ཡོད་པས། རླུང་ཤུགས་མི་ལྡང་བའི་སྐབས་སུ་རླུང་ནུས་ཀྱིས་གློག་འདོན་ཐུབ་ཅེས་བསྟན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1