གྲུ་གཟིངས་འདི་བཀག་ཉར་བྱས་ནས་གྲུ་པ་ཚང་མ་འཛིན་བཟུང་བྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-03


 

     ཟླ་10ཚེས་31ཉིན། དབྱི་རན་ལྷོ་རྒྱུད་ཀྱི་ཧོའར་མུའུ་ཙི་ཀན་ཧྲིན་གྱི་ཁྲིམས་འཛིན་སྡེ་ཁག་གིས། དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་དཔུང་སྡེ་ཡིས་མཚོ་ཁུག་གི་ཆུ་ཁོངས་སུ་འབར་རྫས་ཧྲེང་ཁྲི་1100བླུགས་པའི་ཕྱི་རྒྱལ་གྱི་སྣུམ་གྲུ་ཞིག་བཀག་ཉར་བྱས་པ་མ་ཟད། གྲུ་གཟིངས་ཐོག་གི་གྲུ་པ་ཚང་མ་འཛིན་བཟུང་བྱས་ཡོད་ཅེས་བཤད་པ་རེད། 

     དབྱི་རན་གྱི་གསར་འགྱུར་བརྙན་འཕྲིན་ལས་ཁུངས་ཀྱིས་ཧོའར་མུའུ་ཙི་ཀན་ཧྲིན་ཁྲིམས་འཛིན་སྡེ་ཁག་གི་འགན་འཁུར་བ་མུའུ་ཅེ་ཐ་པ·ཅ་ཧོ་མ་ཉིའི་སྐད་ཆ་དྲངས་ནས་བཤད་དོན། སྒྲིག་འཛུགས་ཡོད་པའི་སྒོ་ནས་ཚོང་ཟོག་ལྐོག་འདྲེན་བྱེད་སྤྱོད་ལ་མྱུལ་ཞིབ་དང་རྡུང་རྡེག་གཏོང་བའི་ཆ་ཤས་ཤིག་ཡིན་པའི་ངོས་ནས། དབྱི་རན་གྱི་དབྱི་སི་ལམ་གསར་བརྗེ་དཔུང་སྡེའི་མཚོ་ཐོག་སྟོབས་ཤུགས་ཀྱིས་ཟླ་བ་གཅིག་གི་ལག་རྩལ་དང་གསང་འཕྲིན་ལས་དོན་སྤེལ་རྗེས། སྣུམ་འདྲེན་གྲུ་གཟིངས་དེ་བཀག་ཉར་བྱས། ཅ་ཧོ་མ་ཉི་ཡིས་བཀག་ཉར་བྱས་པའི་གྲུ་གཟིངས་ཀྱི་རྒྱལ་ཁོངས་དང་འབྲེལ་བའི་ཞིབ་ཕྲའི་ཆ་འཕྲིན་མཁོ་འདོན་བྱས་མེད།

     ཁོང་གིས་བཀག་ཉར་བྱས་པའི་སྣུམ་འདྲེན་གྲུ་གཟིངས་ཐོག་གི་དངོས་ཟོག་རིན་ཐང་ཨ་སྒོར་ཁྲི་5180ལས་བརྒལ་ཡོད་ལ། ལྐོག་འདྲེན་ནང་ཞུགས་མཁན་ཞུ་གཏུག་རྒྱག་རྒྱུ་རེད། འབར་རྫས་ལྐོག་ཚོང་རྒྱག་མཁན་གྱིས་ཕྱི་རྒྱལ་བ་དང་ངན་འབྲེལ་བྱས་ནས་རྒྱལ་ཁབ་ཀྱི་རྒྱུ་ནོར་འཕྲོག་བཅོམ་བྱེད་པའི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་འཛིན་དཔོན་རིགས་ཀྱིས་སྣང་ཆུང་བྱེད་མི་སྲིད་པས། ཉེས་གསོག་དེ་རིགས་ནང་ཞུགས་མཁན་མི་སྣར་ཆད་གཅོད་ནན་པོ་བྱ་རྒྱུ་རེད་ཅེས་བཤད་པ་རེད། 

     ཉེ་ཆར། དབྱི་རན་གྱིས་མཚོ་ཁུག་ལྐོག་འདྲེན་ལ་རྡུང་རྡེག་གཏོང་བའི་བྱ་སྤྱོད་མང་པོ་སྤེལ་ནས། ལྐོག་འདྲེན་གྱི་འབར་སྣུམ་བླུགས་པའི་ཕྱི་རྒྱལ་གྱི་སྣུམ་འདྲེན་གྲུ་གཟིངས་ཐེངས་མང་བཀག་ཉར་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1