ལྕགས་ཟམ་ཁས་ཡུལ་སྐོར་བ་འདུ་འགྲེམས་ལྟེ་གནས་སྐྲུན་འགོ་ཚུགས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 11-03




  ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་ཆེད་དང་། ཞིང་ཆེན་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་ཆེད། ལྕགས་ཟམ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྫོང་ཡོངས་ཀྱི་མི་དམངས་རྣམས་སྣེ་ཁྲིད་དེ་དཀའ་ངལ་ཁྱད་བསད་དང་ནུས་ཤུགས་ཡོད་རྒུས་མདུན་དུ་སྐྱོད་བཞིན་ཡོད། 

 


   སྤྱི་ཟླ10ཚེས28ཉིན། བྱེ་མང་ཐང་ལུས་རྩལ་ཁང་འགྲམ་གྱི་བཤིག་སྤོ་བྱ་ཡུལ་དུ་རྐོ་འདྲུའི་འཕྲུལ་འཁོར་ཆེ་གྲས་ཀྱིས་གོ་རིམ་ལྡན་པའི་ངང་ཁང་པ་བཤིག་པའི་ལས་ཀ་སྤེལ་བཞིན་པ་དང་། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་ལྕགས་ཟམ་ཁའི་ལྗོངས་ཁུལ་ཡུལ་སྐོར་བ་འདུ་འགྲེམས་ལྟེ་གནས་ཀྱི་འཛུགས་སྐྲུན་ལས་གཞི་ལག་ལེན་བསྟར་འགོ་ཚུགས་པ་རེད།

 


   ད་ཐེངས་བཤིག་པའི་རྫོང་ཨུའི་ཏང་གི་སློབ་གྲྭའི་ཐོག་ཁང་དེ་ནི་རྫོང་དེའི་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་ལྕགས་ཟམ་ཁའི་ལྗོངས་ཁུལ་ཡུལ་སྐོར་བ་འདུ་འགྲེམས་ལྟེ་གནས་ཀྱི་འཛུགས་སྐྲུན་ལས་གཞིའི་ཁོངས་སུ་གཏོགས་པ་དང་། རྒྱ་ཁྱོན་ལ་སྨི་ངོས་གྲུ་བཞི་མ446དང་། ལྕགས་རི་ལ་སྨི་རྒྱ་དཔངས་གྲུ་བཞི་མ36.4ཡོད་པ་རེད།

 

  ལས་ཀའི་ཁྲོད་ཁྲིམས་ལྟར་སྲིད་འཛིན་དང་སྲིད་ཇུས་ལག་བསྟར་ནན་པོ་བྱེད་པར་འགན་ལེན་བྱས་ཏེ་གནས་སྤོ་ལས་ཀ་ཚད་ལྡན་དུ་གཏོང་བ་དང་། གོམ་སྟབས་རྗེས་མར་རྫོང་དེའི་གྲོང་ཁྱེར་རྙིང་པ་སྒྱུར་བཀོད་བཀོད་སྒྲིག་ཚོ་ཆུང་དང་པོས་མང་ཚོགས་ལ་ལྷག་བསམ་ཟོལ་མེད་ངང་ཞབས་འདེགས་ཞུས་པ་དང་། ངང་རིང་པོས་མང་ཚོགས་ལ་དཔལ་འབྱོར་གྱི་རྩིས་ཐོ་དང་འཕེལ་རྒྱས་ཀྱི་མདུན་ལམ་གསལ་སྤྲོས་བྱས་ནས་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་ལྕགས་ཟམ་ཁའི་ལྗོངས་ཁུལ་ཡུལ་སྐོར་བ་འདུ་འགྲེམས་ལྟེ་གནས་ཀྱི་འཛུགས་སྐྲུན་ལས་གཞིའི་དམར་ཐིག་ནང་གི་ཁང་པ་བཤིག་སྤོའི་བཀོད་སྒྲིག་ལས་དོན་དུས་ཐོག་ཏུ་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1