གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་བོད་ཁུལ་གྱི་ཆེས་ཐོག་མའི་ཐོན་མིའི་འབུམ་གླིང་གི་གསར་བཞེངས་ལས་ཀའི་དབུ་བཟུང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-09


 

ཐོན་མིའི་འབུམ་ཁང་གི་དབྱིབས་བཀོད།

          གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྟོད་དུ་བོད་ཁུལ་གྱི་ཆེས་ཐོག་མའི་ཐོན་མིའི་འབུམ་ཁང་ངམ་འབུམ་གླིང་གསར་བཞེངས་ཀྱི་ལས་ཀའི་དབུ་བཟུང་བ་རེད།

          འབུམ་གླིང་འདི་ལ་དགོས་པ་མང་བོ་ཡོད་དེ། གཅིག་ནས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ལ། གཉིས་ནས་སློབ་དཔོན་ཁོང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་ཡིན་པའི་བཤད་སྲོལ་ཡོད་པར་མ་ཟད། བོད་ཀྱི་སློབ་དཔོན་དང་པོ་ཡིན་པས་ཁོང་ལ་རྗེས་དྲན་དང་ཁོང་གི་སྐུ་འབུམ་སོགས་བཞེངས་ན། མ་འོངས་པར་བོད་ཁ་བ་ཅན་གྱི་ཡུལ་མཐའ་དབུས་ཀུན་ཏུ་ཁོང་གི་གཟི་བྱིན་གྱིས་ཁྱབ་སྟེ། འཛམ་གླིང་ཤེས་རིག་གི་ལམ་དུ་བསྐྱོད་པའི་དུས་རབས་འདིར་རང་རེའི་ཡུལ་དུའང་མཁས་པ་མང་དུ་འབྱུང་བའི་རྟེན་འབྲེལ་ཡོད་ལ། གསུམ་ནས་འདི་ནི་འབུམ་ཁང་ལྟ་བུའི་རྒྱ་ཆུང་ངུ་ཞིག་མ་ཡིན་པར་གཞི་རྒྱ་ཧ་ཅང་ཆེ་ལ། ཐོན་མིའི་སྐུ་བརྙན་ཆེན་མོ་དང་སྐུ་འབུམ་གཙོས། མཐར་ཕྱིན་སློབ་མ་རེ་རེའི་རང་རང་གི་ཆོས་སྐལ་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་རེ་བཞུགས་ཏེ་ནམ་ཞིག་སྐུ་འབུམ་དུ་ལོངས་པའི་རྟེན་འབྲེལ་དང་། འདིའི་སྐུ་རྣམས་སློབ་མ་རང་རང་གིས་བླུས་ཏེ་འཇོག་དགོས་པ་དང་སྐུ་ཚད་གཅིག་གྱུར་ཡང་ཡིན་དགོས། །

 

ཐོན་མིའི་འབུམ་ཁང་གི་གསར་བཞེངས་ལས་ཀའི་ཡུལ་དངོས།

           གཞན་ཡང་ཐོན་མིའི་རྣམ་ཐར་ཐང་ག་དང་ལྡེབས་རིས། ཟངས་གསེར་གྱི་སྐུ་བརྙན། འབུམ་ཁང་གི་ཡང་སྟེང་དུ་རྣམ་རྒྱལ་མཆོད་རྟེན་སོགས་མཆོད་རྟེན་ཆ་བརྒྱད་དང་། བཀའ་གདམས་མཆོད་རྟེན་སོགས་མཆོད་རྟེན་བཅུ་ཕྲག་ལྷག་བཞེངས་འཆར་ཡོད་ལ། ཐོག་མཐའ་བར་གསུམ་དུ་རྣམ་དཀར་དགེ་བའི་ལས་བཟང་འབའ་ཞིག་ཏུ་འགྱུར་བར་ཡིད་ཆེས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1