ཞིན་ཅང་གི་འཛུགས་སྐྲུན་ལས་ཡུལ་ཞིག་ནས་མེ་རི་གས་ཁ་ཞིག་རྙེད་འདུག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-09


           ཉེ་ཆར། ཞིན་ཅང་ཝུའུ་ལུའུ་མུའུ་ཆི་ཡི་རི་ཁུལ་གྱི་འཛུགས་སྐྲུན་ལས་ཡུལ་ཞིག་ཏུ། སྒོར་དབྱིབས་དང་འདྲ་བའི་དོང་ཞིག་རྙེད་ཅིང་། དོང་ཁ་ཡི་ཚངས་ཐིག་ལ་ལི་སྨི་150ཡོད་ཅིང་དོང་གི་གཏིང་ཟད་ད་རུང་གསལ་ཁ་མ་བྱུང་། དོང་དེའི་ནང་དུ་དམར་འོད་ཆེམ་ཆེམ་དུ་འཕྲོ་ཞིང་ཚ་ལམ་ལམ་གྱི་མེ་སོན་ལྷོག་ལྷོག་ཏུ་གདུ་བཞིན་འདུག ཚོད་དཔག་བྱས་པ་ལྟར་ན། དོང་ཁའི་དྲོད་ཚད་ལ་792℃ཡོད་པ་དང་། རྡོ་སོལ་ས་རྒྱུས་བརྟག་དཔྱད་མི་སྣས། འདི་ནི་ས་འོག་གི་རྡོ་སོལ་རིམ་པ་མར་བརྡིབས་པའི་རང་བྱུང་གི་ཆགས་དབྱིབས་ཅན་གྱི་དོང་ཁ་རེད་ཅེས་ངོས་འཛིན་བྱས།


           མེ་རི་གས་ཁ་འདིའི་མཐའ་འཁོར་གྱི་སྨི་1ཙམ་གྱི་མཚམས་ནས་ཚ་རླབས་འཕྱུར་བ་ཚོར་ཐུབ་ཅིང་། མིག་ཡང་འབྱེད་མི་ཐུབ། དོང་ཁ་དང་ཐག་ཉེ་ས་ནས་སྐར་ཆ་5ཡི་རིང་བསྡད་ན། གདོང་དང་ལག་པ་སོགས་ལ་ཚ་བའི་ཟུག་གཟེར་བརྒྱབ་ཡོང་། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1