གཏེར་ལེན་ཁ་རུ་རི་སྐྱེས་སྲོག་ཆགས་རྩ་ཆེན་མང་པོ་མངོན་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 11-08


 

       ཉེ་ཆར། ས་གནས་དེ་གའི་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པས་མཚོ་སྔོན་མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དབྱི་ཁེ་ལ་གྲོང་ཚོའི་ཉེ་འགྲམ་དུ་ཤྭ་བ་མཆུ་དཀར་དང་། ཤྭ་བ། གནའ་བ་སོགས་རི་སྐྱེས་སྲོག་ཆགས་མང་པོ་ཁྱུ་བྱས་ནས་ཡོད་པ་པར་བླངས་ཡོད་པ་རེད།  

  


       ཤེས་རྟོགས་བྱུང་བར་གཞིགས་ན། ཤྭ་བ་མཆུ་དཀར་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་ཀྱི་རི་སྐྱེས་སྲོག་ཆགས་ཤིག་ཡིན་ལ། མཚོ་བོད་ས་མཐོའི་གྲང་ངར་ཆེ་བའི་ས་ཁུལ་དུ་འཚོ་སྡོད་བྱེད་པའི་ཀྲུང་གོར་དམིགས་བསལ་དུ་ཡོད་པའི་སྲོག་ཆགས་ཀྱི་རིགས་ཤིག་ཀྱང་ཡིན། ཤྭ་བ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཤིག་ཡིན་ལ། དེའི་གཟུགས་དབྱིབས་རྟ་དང་འདྲ་བས་རྟ་ཤྭ་ཞེས་པའི་མིང་ཐོགས་པ་དང་། རི་མཐོའི་ནག་ཚལ་ལམ་རྩྭ་ཐང་དུ་ཁྱུ་ཚོགས་སུ་འཚོ་སྡོད་བྱ་རྒྱུར་དགའ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1