ཞི་ཅིན་ཕིང་གིས《འདམ་རའི་སྤྱི་ཆིངས》ཀྱི་ཆིངས་འཇོག་ཕྱོགས་ཀྱི་ཚོགས་ཆེན་སྐབས་བཅུ་བཞི་པའི་འགོ་ཚུགས་མཛད་སྒོར་ཤིས་ཚིག་གསུངས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 11-08



 

        ཟླ་11ཚེས་5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་ཝུའུ་ཧན་དུ་འཚོགས་པའི《འདམ་རའི་སྤྱི་ཆིངས》ཀྱི་ཆིངས་འཇོག་ཕྱོགས་ཀྱི་ཚོགས་ཆེན་སྐབས་བཅུ་བཞི་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ། 《འདམ་རར་གཅེས་སྤྲས་དང་འབྱུང་འགྱུར་ལ་སྲུང་སྐྱོང་བྱས་ཏེ། འདམ་རར་སྲུང་སྐྱོང་གི་གོ་ལ་ཧྲིལ་པོའི་བྱ་སྤྱོད་ལ་སྐུལ་འདེད་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་ཤིས་ཚིག་ཀྱང་གསུངས་པ། 


         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་ཝུའུ་ཧན་དུ་འཚོགས་པའི《འདམ་རའི་སྤྱི་ཆིངས》ཀྱི་ཆིངས་འཇོག་ཕྱོགས་ཀྱི་ཚོགས་ཆེན་སྐབས་བཅུ་བཞི་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ། 《འདམ་རར་གཅེས་སྤྲས་དང་འབྱུང་འགྱུར་ལ་སྲུང་སྐྱོང་བྱས་ཏེ། འདམ་རར་སྲུང་སྐྱོང་གི་གོ་ལ་ཧྲིལ་པོའི་བྱ་སྤྱོད་ལ་སྐུལ་འདེད་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་ཤིས་ཚིག་ཀྱང་གསུངས་པ་རེད།

        ཞི་ཅིན་ཕིང་གིས། གནའ་སྔ་མོ་ནས་ད་བར་མིའི་རིགས་ཆུ་བོའི་ངོགས་སུ་འཚོ་བ་དང་། ཤེས་དཔལ་ཡང་ཆུ་བོ་དང་འགྲོགས་ནས་དར་ཞིང་། མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ་དེ་འདམ་ར་དང་འབྲེལ་བ་དམ་ཟབ་ཡོད། དེས་ན་ང་ཚོས་ངོས་འཛིན་ཟབ་ཏུ་གཏོང་བ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། འདམ་རར་སྲུང་སྐྱོང་གི་གོ་ལ་ཧྲིལ་པོའི་བྱ་སྤྱོད་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད།

        —— འདམ་རར་གཅེས་སྤྲས་ཀྱི་གོ་ལ་ཧྲིལ་པོའི་ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་དགོས་ཤིང་། རང་བྱུང་ལ་འཇིགས་བཀུར་གྱི་བསམ་བློ་གཏིང་ཟབ་འཆང་བ་དང་། མིའི་རིགས་ཀྱི་བྱ་སྤྱོད་ལས་བྱུང་བའི་འགོག་རྐྱེན་དང་གཏོར་བཤིག་ཉུང་དུ་གཏོང་བ། འདམ་རའི་སྣོད་བཅུད་བདེ་འཇགས་ཀྱི་ས་མཚམས་བརྟན་སྲུང་བཅས་བྱས་ནས་ཕ་ཚ་བུ་རྒྱུད་ལ་མཛེས་སྡུག་ལྡན་པའི་འདམ་ར་ཞིག་འཇོག་དགོས།

        —— འདམ་རར་སྲུང་སྐྱོང་གི་གོ་ལ་ཧྲིལ་པོའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས་ཤིང་། གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འདམ་ར་གལ་ཆེན་དེ་བས་མང་བ་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁོངས་སུ་འཇུག་པ། མཉམ་ལས་ལམ་སྲོལ་གྱི་ལས་སྟེགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་གཞི་རྒྱ་ཆེ་རུ་གཏོང་དགོས།

        —— འདམ་རའི་དམངས་ཕན་བྱ་བས་གོ་ལ་ཧྲིལ་པོར་བདེ་སྐྱིད་སྐྲུན་ཤུགས་ཆེ་རུ་གཏོང་དགོས་ཤིང་། འདམ་རའི་བྱེད་ནུས་འདོན་སྤེལ་བྱེད་པ་དང་། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བཅས་བྱས་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་དངོས་དེ་བས་མང་པོ་ཐོབ་པར་བྱེད་དགོས།

        ཞི་ཅིན་ཕིང་གིས། ཀྲུང་གོའི་འདམ་རར་སྲུང་སྐྱོང་བྱས་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། སྲུང་སྐྱོང་ལམ་ལུགས་ཀྱི་མ་ལག་བཏོད་པ། 《འདམ་ར་སྲུང་སྐྱོང་གི་བཅའ་ཁྲིམས》བཏོན་ཡོད། ཀྲུང་གོས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་བསྐྲུན་ནས་འདམ་ར་སྲུང་སྐྱོང་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་གི་ཡིན། ཀྲུང་གོས《རྒྱལ་ཁབ་སྤྱི་གླིང་གི་བར་མཐོངས་བཀོད་སྒྲིག་ཇུས་གཞི》བཀོད་པའི་ཁར། རྒྱལ་ཁབ་སྤྱི་གླིང་ཁག་གཅིག་གཅིག་རྗེས་གཉིས་མཐུད་དུ་འཛུགས་པ་དང་ཧ་ལམ་འདམ་ར་སྤྱི་ཆིང་ཁྲི་1100རྒྱལ་ཁབ་སྤྱི་གླིང་མ་ལག་གི་ཁོངས་སུ་བཅུག་སྟེ། རྒྱལ་ཡོངས་ཀྱི་འདམ་ར་སྲུང་སྐྱོང་འཆར་འགོད་དང་འདམ་ར་སྲུང་སྐྱོང་གི་འདུ་འགོད་གལ་ཆེན་ལག་ལེན་བསྟར་རྒྱུ་ཡིན། ཀྲུང་གོས་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཧྲེན་ཀྲེན་དུ“རྒྱལ་སྤྱིའི་སྡོང་དམར་ཤིང་ནགས་ལྟེ་གནས”འཛུགས་པ་དང་གོ་ལ་ཧྲིལ་པོའི་མཚོ་འགྲམ་གླེང་སྟེགས་གྲོས་ཚོགས་འཚོག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། སླད་ཕྱིན་ང་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་གོ་ལ་ཧྲིལ་པོའི་འདམ་ར་སྲུང་སྐྱོང་གི་ལེའུ་གསར་པ་རྩོམ་དགོས་ཞེས་བསྟན་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1