ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་སྦ་སྨྱུག་རྩ་འཛུགས་བཙུགས་ནས་ལོ་ཉེར་ལྔ་འཁོར་བ་དང་འཛམ་གླིང་སྦ་སྨྱུག་ཚོགས་ཆེན་སྐབས་གཉིས་པ་འཚོགས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 11-09


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་7ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་སྦ་སྨྱུག་རྩ་འཛུགས་བཙུགས་ནས་ལོ་ཉེར་ལྔ་འཁོར་བ་དང་འཛམ་གླིང་སྦ་སྨྱུག་ཚོགས་ཆེན་སྐབས་གཉིས་པ་འཚོགས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

        ཞི་ཅིན་ཕིང་གིས། རྒྱལ་སྤྱིའི་སྦ་སྨྱུག་རྩ་འཛུགས་བཙུགས་ཚུན་སྦ་སྨྱུག་གི་ཐོན་ཁུངས་སྲུང་སྐྱོང་དང་། གསར་སྤེལ། བེད་སྤྱོད་བཅས་ལ་གཞོལ་ནས་གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་སྤེལ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། ཀྲུང་གོ་སྲིད་གཞུང་གིས་རྒྱལ་སྤྱིའི་སྦ་སྨྱུག་རྩ་འཛུགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་བྱས་པའི་ཁར། “སྨྱུག་མས་འགྱིག་གི་ཚབ་བྱེད་རྒྱུའི”གྲོས་འགོ་ཐུན་མོང་ཐོག་བཏོན་ནས་རྒྱལ་ཁབ་ཁག་ལ་འགྱིག་གི་སྦགས་བཙོག་ཉུང་དུ་གཏོང་རྒྱུ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུའི་སྐུལ་འདེད་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་མགྱོགས་སུ་བཏང་ཡོད་ཅེས་བསྟན་གནང་བ་རེད།

        ཞི་ཅིན་ཕིང་གིས། ཀྲུང་གོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་གྱི་ཡོད། སླད་ཕྱིན་ཕྱོགས་ཁག་དང་མུ་མཐུད་ཐུན་མོང་ཐོག་འབད་བརྩོན་གྱིས་མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་བཏོད་དེ། ཕ་ཚ་བུ་རྒྱུད་ལ་དྭངས་ཤིང་གཙང་ལ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་སྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

        རྒྱལ་སྤྱིའི་སྦ་སྨྱུག་རྩ་འཛུགས་བཙུགས་ནས་ལོ་ཉེར་ལྔ་འཁོར་བར་རྟེན་འབྲེལ་ཞུ་བ་དང་འཛམ་གླིང་སྦ་སྨྱུག་ཚོགས་ཆེན་སྐབས་གཉིས་པ་གོང་ཚེས་ཉིན་པེ་ཅིང་དུ་འགོ་ཚུགས་པ་དང་། བརྗོད་དོན་གཙོ་བོ་ནི“སྦ་སྨྱུག་——རང་བྱུང་གཞིར་བྱས་པའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཐག་གཅོད་ཇུས་གཞི”ཞེས་པ་ཡིན་པ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་དང་རྒྱལ་སྤྱིའི་སྦ་སྨྱུག་རྩ་འཛུགས་ཀྱིས་ཐུན་མོང་ཐོག་གཉེར་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1