༄༅།།ཉིང་ཁྲི་ས་ཁུལ་དུ་རྒྱན་གོས་ཀྱི་ཁྱད་ཆོས་གཟིགས།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ་ལས་དྲངས། སྤེལ་དུས། 11-11


ཉིང་ཁྲི་ས་ཁུལ་ནི་ཧི་མ་ལ་ཡ་རི་རྒྱུད་དང་གཉན་ཆེན་གདང་ལ་རི་རྒྱུད། འཕྲེད་རྒྱུག་རི་རྒྱུད་ཀྱིས་བསྐོར་ཡོད་ལ། ཉིང་ཁྲི་ས་ཁུལ་གྱི་ཁོངས་གཏོགས་སུ་ཉིང་ཁྲི། སྨན་གླིང་། ཀོང་པོ་རྒྱ་མདའ། མེ་ཏོག་སྤོ་མེས། རྫ་ཡུལ། སྣང་བཅས་རྫོང་བདུན་ཡོད།ཉིང་ཁྲི་ས་ཁུལ་འདི་བོད་ཀྱི་ས་ཆ་གཞན་དང་མི་འདྲ་བར་དྲོ་ཞིང་ཆར་ཞོད་མང་ཞིང་བཞའ་ཚན་ཆེ་བ། གདོད་མའི་ནགས་ཚལ་གྱིས་བརྒྱ་ཆའི46.1ཟིན། དེ་འདྲའི་རང་བྱུང་ཆ་རྐྱེན་འོག་ཕྱུ་པ་གྱོན་པ་དང་། སྤོ་བ་དང་ཀོང་པོའི་སྐྱེས་ཕོ་མོ་གཉིས་ཀས་མགོ་ཤུབས་གྱོན་པ་ལས། སྐྱེས་མས་པང་གདན་མི་བཅིང་། དངུལ་གྱིས་བརྡུངས་བའི་སྐེ་རྒྱན་དང་མགུན་རྒྱན་སོགས་འདོགས།

ཀོང་པོའི་སྐྱེས་ཕོ་མོ་གཉིས་ཀས་གྱོན་པའི་མགོ་ཤུབས་དེ་ག་འདྲ་ཞིག་ཡིན།

ཉིང་ཁྲི་ས་ཁུལ་དུ་ནགས་ཀློང་ཚང་ཚིང་དུ་འཁྲིགས་ལ། སྔོན་ཆད་གནས་འདི་རུ་འཚོ་སྡོད་བྱས་པའི་བོད་མིས་རི་དྭགས་རྔོན་པའི་ལས་གཙོ་བོར་གཉེར་བ་ཡིན། སྐྱེས་ཕོ་མོ་གཉིས་ཀས་མགོ་ཤུབས་གྱོན་ལ། མགོ་ཤུབས་ནི་གཙོ་བོ་སྣམ་བུ་ནག་པོས་བཟོས་ཡོད། གོས་དང་ཟ་འོག་གི་མཐའ་རྒྱན་གཏོང་། སྤྲེལ་ལྤགས་དང་དོམ་ལྤགས་ཀྱིས་བཟོ་བའང་ཡོད། མགོར་ཀོང་པོ་ཡུལ་གྱི་ཁྱད་ཆོས་ཀྱིས་ཕྱུག་པའི་ཀོང་པོའི་ཞྭ་མོ་གྱོན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1