ཟླ་12ནས་བཟུང་རྒྱལ་ཁབ་འདི་10ལ་སྒོ་ཁྲལ་བསྡུ་རྒྱུ་མ་རེད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-11


        ནོར་སྲིད་པུའུ་ཡི་གཞུང་ཕྱོགས་དྲ་ཚིགས་ནས་ཟླ་11ཚེས་9ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། 《དར་རྒྱས་ཞན་ཤོས་རྒྱལ་ཁབ་ཀྱི་དཔྱ་ཁྲལ་རྣམ་གྲངས་98%ནང་གསལ་ཐོན་རྫས་ལ་སྒོ་ཁྲལ་མི་ལེན་པའི་ཐོབ་ཐང་སྤྲོད་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས》(ཁྲལ་བསྡུའི་ཨུ་ཡོན་ལྷན་ཁང་གིས་2021ལོའི་ཨང་8པ།)ལ་གཞིགས། རང་རྒྱལ་སྲིད་གཞུང་དང་འབྲེལ་ཡོད་རྒྱལ་ཁབ་སྲིད་གཞུང་གི་བརྗེ་སྤྲོད་ཡིག་ཆའི་ནང་བཀོད་གཏན་འབེབས་ལྟར། 2022ལོའི་ཟླ་12ཚེས་1ཉིན་ནས་བཟུང་།  ཨ་ཧྥུ་ཀ་ནི་སི་ཐན་དང་། པེ་ཉིང་སྤྱི་མཐུན་རྒྱལ་ཁབ། པོ་ཁི་ན་ཧྥ་སོ། ཀི་ནེ་ཡ་པི་སོ་སྤྱི་མཐུན་རྒྱལ་ཁབ། ལེ་སོ་ཐོ། མ་ལ་ཝེ་སྤྱི་མཐུན་རྒྱལ་ཁབ།  སོ་ཐོ་མེ་དང་ཕུ་རིན་སི་ཕེ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ། ཐན་ཙན་ནི་ཡ་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ། ཝུ་ཀན་ཏ་སྤྱི་མཐུན་རྒྱལ་ཁབ། ཙན་པི་ཡ་སྤྱི་མཐུན་རྒྱལ་ཁབ་སོགས་དར་རྒྱས་ཞན་ཤོས་རྒྱལ་ཁབ་10ནས་ཐོན་སྐྱེད་བྱས་པའི་དཔྱ་ཁྲལ་རྣམ་གྲངས་98%ནང་གསལ་ནང་འདྲེན་ཐོན་རྫས་ལ་སྒོ་ཁྲལ་མི་ལེན་པའི་དམིགས་བསལ་གཟིགས་སྐྱོང་གི་ཁྲལ་ཚད་ལག་ལེན་བསྟར་རྒྱུ་ཡིན། དེའི་ནང་དུ་དཔྱ་ཁྲལ་རྣམ་གྲངས་98%ནི་ཁྲལ་སྲོལ་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་1པའི་2021ལོའི་ཡིག་ཨང་8པའི་ཟུར་བཀོད་ཡིག་ཆའི་ནང་གི་ཁྲལ་ཚད་ཀླད་ཀོར་ཡིན་པའི་དཔྱ་ཁྲལ་རྣམ་གྲངས་ཡིན་ཞིང་། བསྡོམས་པས་8786ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1