ཞིང་ཨུའི་སྒྲོག་འགྲེལ་ཚོགས་པས་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། སྤེལ་དུས། 11-15



        ཟླ་11ཚེས་11ཉིན། ཞིང་ཨུའི་སྒྲོག་འགྲེལ་ཚོགས་པ་མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཚོའི་རྒྱལ་རྗེ་སྡེ་བར་བསྐྱོད་དེ་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་།

        ཞིང་ཆེན་ཏང་ཨུའི་བསྒྲགས་བཤད་ཚོགས་པའི་ཡན་ལག་ཚོགས་ཆུང་དགུ་པ། ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ས་ཁོངས་དཔལ་འབྱོར་ཞིབ་འཇུག་ཁང་གི་འགན་འཛིན་པ། ཞིབ་འཇུག་པ་ལིའོ་ཙུའུ་ཅུན་དང་གཞི་རིམ་ལས་བྱེད་པ། ཏང་ཡོན་མང་ཚོགས་བཅས་ཀྱིས་ཕན་ཚུན་ངོ་ཐུག་གདོང་འཕྲད་ཀྱིས་སྒྲོག་འགྲེལ་དང་སྤེལ་རེས་དང་། “འགྱུར་ལྡོག་གླེང་རེས་དང་། འཕེལ་རྒྱས་གླེང་རེས་”བྱས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་བཏོན་པའི“གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས”ཞེས་པའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་གཉིས་ཟུང་འབྲེལ་བྱས་ཏེ་སྒྲོག་འགྲེལ་ནང་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ནས་གྲོང་མིའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུའི་ཐད་ཐབས་ཤེས་འདོན་པ་དང་ཐབས་ཤེས་བཙལ་བ། མང་ཚོགས་དང་འབྲེལ་གཏུག་བྱེད་པའི་སྒྲོག་འགྲེལ་བྱེད་སྟངས་ཐོག་ནས་ཚོགས་ཆེན་གྱི་སྙན་ཞུའི་ནང་དོན་འགྲེལ་བཤད་བརྒྱབ་པ་དང་། དོན་སྙིང་ཟབ་ལ་གོ་བདེ་བའི་སྒོ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་ངོ་བོ་དང་། དོན་སྙིང་གཙོ་བོ། ལག་ལེན་གྱི་བླང་བྱ་བཅས་རྒྱས་བཤད་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་སེམས་ལ་ཟུག་རྒྱུར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་མང་ཚོགས་ཀྱིས་ཏང་གི་སྲིད་ཇུས་བཟང་པོ་མྱོང་ཚོར་བྱས་ཏེ་དུས་རབས་གསར་པའི་གྲོང་གསེབ་ཀྱི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ཐུན་མོང་ཐོག་གླེང་ནས་གྲོང་མིས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་ཆེད་མཉམ་ཤུགས་དེ་བས་ཆེ་བ་འདོན་རྒྱུའི་ལྕག་སྐུལ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

        གོ་སླ་ལ་གོ་བདེ་བའི་འགྲེལ་བཤད་དང་། ངར་ཤུགས་སྐུལ་བའི་སྐད་ཆ། གསོན་ཉམས་དོད་པའི་དཔེ་མཚོན་བཅས་ལས་སྒྲོག་འགྲེལ་ལ་ཉན་མཁན་གྱི་ལས་བྱེད་པ་དང་མང་ཚོགས་ཚོར་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་ཐོན་ཡོད་པ་དང་། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཡིད་ཆེས་དང་སྟོབས་ཤུགས་བརྒྱུད་སྤྲོད་བྱེད་བཞིན་ཡོད། ཆོས་རྗེ་ཡུལ་ཚོའི་དྲིལ་བསྒྲགས་ལས་མིས་གསར་འགོད་པར“ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྟངས་དེ་མང་ཚོགས་དང་ཧ་ཅང་ཉེ་བར་བཅར་ཐུབ་པ་དང་སྒྲོག་འགྲེལ་གྱི་ནང་དོན་གོ་བདེ་ཤེས་སླ་བས་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་རྒྱུར་ཕན་ཐོགས་ཆེན་པོ་ཡོད”ཅེས་བཤད།

        སྒྲོག་འགྲེལ་བྱེད་དུས་ངར་ཤུགས་རྒྱས་ན་མང་ཚོགས་ལ་ཡིད་ཆེས་ཡོད། རྣམ་པ་སྣ་ཚོགས་པ་དང་། རིམ་པ་དབྱེ་བ། ཁྱོན་ཡོངས་ལ་ཁྱབ་པ་བཅས་ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་བརྒྱུད་མཛོད་དགེ་རྫོང་གི་གོང་འོག་ཚང་མར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད་པ་རེད། འབད་འབུངས་ཡར་བརྩོན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་དང་དུས་རབས་གསར་པ་གཏོད་ནས་འབད་འབུངས་ཡར་བརྩོན་གྱིས་སྐབས་དེ་དུས་དང་རླུང་གཡོར་འཕྱར་ནས་སླར་ཡང་རྡོག་ཐོན་བྱེད་པ་དང་རྩྭ་ཐང་དུ་ལངས་ནས་པེ་ཅིང་ལ་རྒྱང་ལྟ་བྱས་ཏེ་སེམས་ནང་གུང་ཁྲན་ཏང་བཅངས་ནས་རྒྱུགས་སྤྲོད་ལམ་བུའི་ཐོག་སྙིང་སྟོབས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་ཀྱིས“ས་མཐོའི་འདམ་རའི་སྣོད་བཅུད་ཡུལ་སྐོར་བྱ་ཡུལ་མཛེས་ཤོས”འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1