ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་ནས་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པའི་ཧྲེན་ཧྥེ“ལུའོ་དབྱང་གཞོན་ནུ་འཕྲལ་སྒྲུབ་རུ་ཁག”གི་རུ་མིར་ལྕག་སྐུལ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 11-15


ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་ནས་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པའི་ཧྲེན་ཧྥེ“ལུའོ་དབྱང་གཞོན་ནུ་འཕྲལ་སྒྲུབ་རུ་ཁག”གི་རུ་མིར་ལྕག་སྐུལ་གནང་བ།

མཁའ་འགྲུལ་ཚན་རྩལ་གྱི་རང་ཚུགས་རང་སྟོབས་ལ་སྐུལ་འདེད་གཏོང་བའི་ཐད་དཔའ་ངར་ཆེན་པོས་རྩེ་མོར་འཛེག་ཕོད་པ་དང་མཁའ་འགྲུལ་བཟོ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་ཧུར་ཐག་འཇོག་དགོས།

འཕྲིན་ལན།

        མཁའ་འགྲུལ་བཟོ་ལས་ཚོགས་པའི་ཧྲེན་ཧྥེ“ལུའོ་དབྱང་གཞོན་ནུ་འཕྲལ་སྒྲུབ་རུ་ཁག”གི་བློ་མཐུན་ཚོ།

        ཁྱེད་ཚོ་སྐུ་ཁམས་བཟང་། འཕྲིན་ཡིག་འབྱོར་བྱུང་། ཁྱེད་ཚོས་བློ་མཐུན་ལུའོ་དབྱང་མིག་དཔེར་བཟུང་སྟེ་མཁའ་འགྲུལ་སྒྲིག་ཆས་ཞིབ་བཟོའི་འཐབ་ཕྱོགས་དང་པོར་གཞི་ཚུགས་ནས་ཛ་དྲག་དང་དཀའ་ཉེན་ལྕི་གསུམ་གྱི་ལས་འགན་གལ་ཆེན་ཁྲོད་ལག་གདང་སྦྲེལ་ཏེ་འབད་འཐབ་དང་ལེགས་སྐྱེས་ཕུལ་ཡོད། མཐུན་སྒྲིལ་འབད་འཐབ་ཀྱི་སྙིང་སྟོབས་འདི་རིགས་ནི་ཧ་ཅང་རྩ་ཆེན་ཞིག་རེད།

ཁྱེད་ཚོས་འཕྲིན་ཡིག་ནང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་མཁའ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་སྐྲུན་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་ལང་ཚོའི་འོད་ཟེར་འཕྲོ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག འདི་ཡག་པོ་བཤད་འདུག ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཀོད་པའི་འཆར་གཞི་རླབས་པོ་ཆེ་དོན་དངོས་སུ་འགྱུར་བ་བྱེད་དགོས་ན། ལས་རིགས་ཁག་གི་གཞོན་ནུ་ཚོས་ལས་འགན་ལྕི་པོ་འཁུར་ཕོད་པ་དང་སྔོན་ལ་གདོང་མཆོང་བྱེད་དགོས། ཁྱེད་ཚོས་མཁའ་འགྲུལ་བྱ་གཞག་བསྒྲུབས་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ་སེམས་ཤུགས་གཅིག་སྒྲིལ་དང་ངར་ཤུགས་གཅིག་སྒྲིམ་གྱིས་མཁའ་འགྲུལ་ཚན་རྩལ་གྱི་རང་ཚུགས་རང་སྟོབས་ལ་སྐུལ་འདེད་གཏོང་བའི་ཐད་དཔའ་ངར་ཆེན་པོས་རྩེ་མོར་འཛེག་ཕོད་པ་དང་། མཁའ་འགྲུལ་བཟོ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་ཧུར་ཐག་བཞག་ནས། ཕུགས་བསམ་ལྡན་པ་དང་། འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་ཡག་པོ་ཞིག་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད།

ཞི་ཅིན་ཕིང་།

2022ལོའི་ཟླ་11ཚེས་12ཉིན།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་13ཉིན་འབྱོར་བའི་གློག་འཕྲིན)

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་12ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པའི་ཧྲེན་ཧྥེ“ལུའོ་དབྱང་གཞོན་ནུ་འཕྲལ་སྒྲུབ་རུ་ཁག”གི་རུ་མི་ཚོར་འཕྲིན་ལན་སྤྲིངས་ནས། ཁོང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱས་ཏེ་མཁའ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་ལྕག་སྐུལ་གནང་བ་རེད།

        ཞི་ཅིན་ཕིང་གི་འཕྲིན་ལན་ནང་། ཁྱེད་ཚོས་བློ་མཐུན་ལུའོ་དབྱང་མིག་དཔེར་བཟུང་སྟེ་མཁའ་འགྲུལ་སྒྲིག་ཆས་ཞིབ་བཟོའི་འཐབ་ཕྱོགས་དང་པོར་གཞི་ཚུགས་ནས་ཛ་དྲག་དང་དཀའ་ཉེན་ལྕི་གསུམ་གྱི་ལས་འགན་གལ་ཆེན་ཁྲོད་ལག་གདང་སྦྲེལ་ཏེ་འབད་འཐབ་དང་ལེགས་སྐྱེས་ཕུལ་ཡོད། མཐུན་སྒྲིལ་འབད་འཐབ་ཀྱི་སྙིང་སྟོབས་འདི་རིགས་ནི་ཧ་ཅང་རྩ་ཆེན་ཞིག་རེད་ཅེས་གསུངས་ཡོད།

        ཞི་ཅིན་ཕིང་གིས་བསྟན་དོན། ཁྱེད་ཚོས་འཕྲིན་ཡིག་ནང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་མཁའ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་སྐྲུན་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་ལང་ཚོའི་འོད་ཟེར་འཕྲོ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག འདི་ཡག་པོ་བཤད་འདུག ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཀོད་པའི་འཆར་གཞི་རླབས་པོ་ཆེ་དོན་དངོས་སུ་འགྱུར་བ་བྱེད་དགོས་ན། ལས་རིགས་ཁག་གི་གཞོན་ནུ་ཚོས་ལས་འགན་ལྕི་པོ་འཁུར་ཕོད་པ་དང་སྔོན་ལ་གདོང་མཆོང་བྱེད་དགོས། ཁྱེད་ཚོས་མཁའ་འགྲུལ་བྱ་གཞག་བསྒྲུབས་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ། སེམས་ཤུགས་གཅིག་སྒྲིལ་དང་ངར་ཤུགས་གཅིག་སྒྲིམ་གྱིས་མཁའ་འགྲུལ་ཚན་རྩལ་གྱི་རང་ཚུགས་རང་སྟོབས་ལ་སྐུལ་འདེད་གཏོང་བའི་ཐད་དཔའ་ངར་ཆེན་པོས་རྩེ་མོར་འཛེག་ཕོད་པ་དང་། མཁའ་འགྲུལ་བཟོ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་ཧུར་ཐག་བཞག་ནས། ཕུཌ་བསམ་ལྡན་པ་དང་། འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་ཡག་པོ་ཞིག་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོཌ་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོཌ་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེཌ་སྐྱེས་གསར་པ་འབུལ་དགོས།

        2012ལོའི་ཟླ་11ཚེས་26ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒོལ་གཏོར-15རྟཌ་ཅན་གྱི་གྲུ་ཐོག་གནམ་གྲུ་ཞིབ་བཟོ་བྱ་ཡུལ་གྱི་སྤྱི་ཁྱབ་བཀོད་འདོམས་པ་དང་། ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པའི་ཧྲེན་ཧྥེ་ཀུང་སིའི་ཏུང་ཧྲི་ཀྲང་དང་སྤྱི་ཁྱབ་ཅིང་ལི་བཅས་ཡིན་པའི་ལུའོ་དབྱང་གཞུང་དོན་དུ་སྐུ་གཤེཌ་པའི་ཐད་མཛུབ་སྟོན་གལ་ཆེན་གནང་བ་མ་ཟད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་བློ་མཐུན་ལུའོ་དབྱང་གི་ཕུལ་བྱུང་གཤིས་རྒྱུད་དང་རྩ་ཆེའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་པའི་བླང་བྱའང་བཏོན་གནང་བ་རེད། 2013ལོ་ནས་བཟུང་། མཁའ་འགྲུལ་བཟོ་ལས་ཚོགས་པས“ལུའོ་དབྱང་གཞོན་ནུ་འཕྲལ་སྒྲུབ་རུ་ཁག”གཞི་རྟེན་དུ་བྱས་ནས་རྒྱ་ཆེའི་གཞོན་ནུ་སྒྲིག་འཛུགས་བྱས་ཏེ་དཀའ་ཚེགས་ཀྱི་ལས་འགན་གལ་ཆེན་ཁྲོད་ལུའོ་དབྱང་ལ་སློབ་སྦྱོང་དང་གདོང་ལེན་པ་ཞིག་བྱས་ཡོད། རིམ་རྩིས་བྱས་ན་དེའི་ནང་མི་ཐེངས་ཁྲི་37ཞུགས་ཡོད་པ་རེད། ཉེ་ཆར་ཧྲེན་ཧྥེ་ཀུང་སིའི“ལུའོ་དབྱང་གཞོན་ནུ་འཕྲལ་སྒྲུབ་རུ་ཁག”ཁག་དང་པོའི་རུ་མིའི་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། ལོ་བཅུའི་རིང་ཚན་ཞིབ་ཐོན་སྐྱེད་འཐབ་ཕྱོགས་དང་པོར་བློ་མཐུན་ལུའོ་དབྱང་གི་སྙིང་སྟོབས་སློབ་སྦྱོང་དང་ལག་བསྟར་བྱས་པའི་གྲུབ་འབྲས་སྙན་སེང་ཞུས་ནས་མུ་མཐུད་འབད་འབུངས་ཡར་བརྩོན་གྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཆོད་སེམས་མཚོན་པར་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1