རྔ་བ་རྫོང་ཁྲལ་དོན་ཅུས་ཀྱིས་རོགས་སྐྱོར་འབྲེལ་གཏུགས་སྡེ་བར་སོང་བར་སྒྲོག་འགྲེལ་བྱས།

ཛམ་དཀར་སྐྱབས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-17


        ཟླ་11པའི་ཚེས་10ཉིན། བློན་ཚང་ཡུལ་ཚོ་དང་བློན་ཚང་སྡེ་བའི་འབྲེལ་གཏུགས་ལས་ཁུངས་རྫོང་ཁྲལ་དོན་ཅུས་ཀྱིས་བློན་ཚང་སྡེ་བ་རུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ་དང་ཏང་ཨུའི་ཧྲུའུ་ཅི་ཡིས་ཏང་གི་སློབ་ཐུན་ཚོགས་ཞེས་པའི་བྱེད་སྒོ་སྤེལ།

        སྒྲོག་འགྲེལ་ཡུལ་དངོས་སུ་འབྲེལ་ཡོད་འགན་འཁུར་བས་ཚོགས་ཆེན་གྱི་བརྗོད་བྱ་དང་འདས་པའི་ལོ་ལྔ་ཡི་ལས་དོན།  དུས་རབས་གསར་བའི་ལོ་བཅུ་ཡི་འཕོ་འགྱུར་རླབས་པོ་ཆེ།  དུས་རབས་གསར་བ་དང་འཐབ་ལམ་གསར་བའི་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་དང་ལས་འགན་སོགས་ཀྱི་སྐོར་ནས།  ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་བོད་རྒྱ་སྐད་གཉིས་ཀྱིས་གསལ་འགྲེལ་བྱས།  རྔ་བ་རྫོང་ཁྲལ་དོན་ཅུས་ཀྱི་རོགས་སྐྱོར་ལས་བྱེད་པ་དང་བློན་ཚང་སྡེ་བའི་ཏང་ཀྲི་པུའུ་ཡི་ཏང་ཡོན་ཡོངས་ཀྱིས་བློ་རྩེ་གཅིག་ཏུ་སྒྲིམ་སྟེ།  ཅུས་ཀྲང་མ་ཧའེ་ཐའོ་ཡི་སྒྲོག་འགྲེལ་ལ་ཉན།  ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དཔྱིས་ཕྱིན་བྱ་རྒྱུ་དང་།  བསླབ་པ་དོན་ཐོག་ཏུ་འཁྱོལ་བར་བྱེད་རྒྱུ་ཡིན་པ་བསྟན། །(རྩོམ་དང་པར་རྔ་བ་རྫོང་སྨྱན་སྦྱོར་ལྟེ་གནས་ཀྱིས་མཁོ་འདོན་བྱས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1