འགྲེམ་ཚོགས་འདིར་བོད་ལྗོངས་ཀྱི་ཉོ་ཚོང་ཚོགས་པར་ཕན་འབྲས་ཆེན་པོ་ཐོབ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 11-18



        ཟླ11པའི་ཚེས10ཉིན། དུས་ཡུན་ཉིན6ཡིན་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་སྐབས་ལྔ་པ་ཧྲང་ཧའེ་རུ་མཇུག་འགྲིལ་བ་རེད། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར།  སྐབས་འདིའི་འགྲེམ་ཚོགས་ནང་བོད་ལྗོངས་ཀྱི་ཉོ་ཚོང་ཚོགས་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། ཁེ་ལས11སྒྲིག་འཛུགས་བྱས་ནས་འགྲེམ་སྟོན་ལ་ཞུགས་སུ་བཅུག་སྟེ།  ནང་འདྲེན་ཉོ་སྒྲུབ་དང་ངོ་འཕྲད་གྲོས་མོལ་སོགས་ཀྱི་དཔལ་འབྱོར་ཚོང་དོན་སྤེལ་རེས་བྱེད་སྒོ་སྤེལ་བ་དང་། ནང་འདྲེན་དངོས་མང་འགྲེམ་ཚོགས་བརྒྱུད་སྒོ་དབྱེའི་རྒྱུན་འཁོར་གྱི་སྟེགས་བུ་གལ་ཆེན་ལ་བརྟེན་ནས། བོད་ལྗོངས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་སྤེལ་རེས་ཀྱི“གྲོགས་ཚོམས”སྔར་བས་རྒྱ་ཆེར་བཏང་བར། འགྲེམ་ཚོགས་ལ་ཞུགས་པའི་ལས་དོན་ལ་ཕན་འབྲས་ཆེན་པོ་ཐོབ་ཡོད།

ནང་འདྲེན་དངོས་མང་འགྲེམ་ཚོགས་བོད་ལྗོངས་འགྲེམ་ཁང་གི་ནང་ལྗོངས།

        ནང་འདྲེན་དངོས་མང་འགྲེམ་ཚོགས་ཀྱི་སྒོ་དབྱེའི་ལས་སྟེགས་ཀྱིས་བོད་ལྗོངས་ཀྱི་ཁེ་ལས་ལ་རྒྱལ་ནང་གི་ཁྲོམ་ར་ཆེ་མོ་མཉམ་སྤྱོད་དང་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་གོ་སྐབས་མཁོ་འདོན་བྱས་ཡོད། བོད་ལྗོངས་ཀྱི་ཉོ་ཚོང་ཚོགས་པས་རྒྱལ་སྤྱིའི་ཉོ་སྒྲུབ་དང་། མ་འཇོག་ལ་སྐུལ་འདེད། མི་ཆོས་རིག་གནས་སྤེལ་རེས། སྒོ་འབྱེད་མཉམ་ལས་བཅས་ལས་སྟེགས་ཆེན་པོ་བཞི་ལ་དམ་པོར་དམིགས་པ་དང་། ཉོ་སྒྲུབ་དང་ཚོང་འགུགས་ལ་མཉམ་དུ་ཤུགས་བརྒྱབ་པ། འགྲེམ་ཚོགས་ལ་ཞུགས་མཁན་གྱི་འཐུས་མི་གནད་སྨིན་སྒྲིག་འཛུགས་བཅས་བྱས་པས། ཁེ་ལས་ཀྱི་ཉོ་སྒྲུབ་བསམ་འདུན་སྔར་བས་ཆེ་རུ་ཕྱིན་པ་དང་། ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ལ་དམིགས་འཛུགས་རང་བཞིན་སྔར་བས་ཆེ་རུ་ཕྱིན་ཡོད། སྐབས་གོང་མའི་འགྲེམ་ཚོགས་དང་བསྡུར་ན། སྐབས་འདིའི་འགྲེམ་ཚོགས་ལ་ཞུགས་མཁན་གྱི་བོད་ལྗོངས་ཀྱི་ཉོ་ཚོང་ཚོགས་པར་ཐོ་འགོད་མིང་ཐོ་འགོད་མཁན་གྱི་མི་གྲངས་སྔར་བས་མང་དུ་ཕྱིན་པ་དང་སྦྲགས། བཟའ་བཅའ་དང་། ཞིང་ལས་ཐོན་རྫས། འཛད་རྫས། ཟོག་འདྲེན་སྒྲིག་ཆས་སོགས་ཀྱི་ཁྱབ་ཁོངས་ཁག་དང་རྒྱལ་ཁབ་ཕྱི་ནང་གི་མཁོ་སྤྲོད་ཚོང་པ་དང་ཉོ་སྒྲུབ་བྱེད་མཁན་དབར་མཉམ་ལས་ཀྱི་འདོད་བློ་གྲོས་མཐུན་ཡང་བཞག་འདུག གསར་འགོད་པས་རྒྱུས་ལོན་བྱས་པར་གཞིགས་ན། སྐབས་འདིའི་འགྲེམ་ཚོགས་ཐོག་ཏུ་བོད་ལྗོངས་ཀྱི་ཉོ་ཚོང་ཚོགས་པའི་ཁེ་ལས11གིས་ནང་འདྲེན་ཉོ་སྒྲུབ་ཀྱི་འདོད་མཐུན་གན་རྒྱ་ཨ་སྒོར་ཁྲི1000ཙམ་བཞག་འདུག གཞན་ཡང་བོད་ལྗོངས་ཀྱི་ཉོ་ཚོང་ཚོགས་པས་ད་དུང་ཚོང་འགུགས་ཀྱི་ཐོན་ཁུངས་ཟམ་མི་ཆད་པར་རྒྱ་ཆེར་བཏང་བ་དང་། མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཏེ། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། ལན་ཀྲོའུ་ལན་པེ་ཉི་མཁོ་སྤྲོད་འབྲེལ་ཐག་ཚད་ཡོད་ཀུང་སི། ཁྲང་མེ་མཉམ་འདྲེས་གསར་གཏོད(བོད་ལྗོངས)གྲང་ཕྲེང་མཁོ་སྤྲོད་འབྲེལ་ཐག་ཚད་ཡོད་ཀུང་སི། ཀྲུང་དབྱིའི་ཞིབ་དཔྱད་ར་སྤྲོད་ཁས་ལེན་ཚད་ཡོད་ཀུང་སི་བཅས་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་མཉམ་ལས་གྲོས་མཐུན་བཞག་པར། རྣམ་གྲངས་ཀྱི་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར6ཙམ་ཟིན་ཡོད།

ནང་འདྲེན་དངོས་མང་འགྲེམ་ཚོགས་བོད་ལྗོངས་འགྲེམ་ཁང་གི་ནང་ལྗོངས།

ནང་འདྲེན་དངོས་མང་འགྲེམ་ཚོགས་བོད་ལྗོངས་འགྲེམ་ཁང་གི་ནང་ལྗོངས།

        ད་ལོའི་འགྲེམ་ཚོགས་ཐོག་ད་དུང“ཀྲུང་གོའི་ལོ་བཅུ་པོ་འདི་དག”ཅེས་པའི་ཕྱི་ཕྱོགས་སྒོ་དབྱེའི་གྲུབ་འབྲས་འགྲེམ་སྟོན་བཀོད་སྒྲིག་བྱས་ཤིང་།  དེའི་ནང་དུ“ཀྲུང་གོའི་ལོ་བཅུ་པོ་འདི་དག  བོད་ལྗོངས”ཞེས་པའི་ཕྱི་ཕྱོགས་སྒོ་དབྱེའི་གྲུབ་འབྲས་འགྲེམ་སྟོན་དེ་ཡི་གེ་དང་། པར་རིས། དཔེ་དབྱིབས། དངོས་པོ། གྲངས་གཞིའི་ཀུན་འདུས་སྨྱན་སྦྱོར་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་ལས། བོད་ལྗོངས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། ཡུལ་སྐོར་རིག་གནས། ལྷག་དོན་དུ་ཕྱི་ཕྱོགས་སྒོ་དབྱེའི་ཁྱབ་ཁོངས་བཅས་ལ་ཁྱོན་ཡོངས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་གསོན་ཉམས་དོད་པོས་མངོན་ཡོད། བོད་ལྗོངས་ཀྱི་འགྲེམ་ཁང་དུ་ནས་དང་། ཚགས་ཤ དབྱར་རྩྭ་དགུན་འབུ་སོགས་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་ཡོད་པར་མ་ཟད། ད་དུང་བོད་རང་སྐྱོང་ལྗོངས་ཡུལ་སྐོར་རིག་གནས་གསར་གཏོད་ཐོན་རྫས་ཇུས་འགོད་འགྲན་བསྡུར་ཆེ་མོར་བདམས་ཐོན་བྱུང་བའི“རིག་གནས་གསར་གཏོད་ཀྱི་གྲུབ་འབྲས་གསར་པ”རབ་དང་རིམ་པའང་ཡོད། དཔེར་ན། དེང་རབས་ཀྱི་འཇིམ་བརྐོས་སྒྱུ་རྩལ་མཁས་པ་ཅང་ཧྲེང་གིས་བོད་ལྗོངས་ཀྱི་སྲོལ་རྒྱུན་གྱི་འཛུགས་སྐྲུན་རྙིང་པའི་ཐོག་གི་གཡེར་དྲིལ་དེ་དེང་རབས་ཀྱི་སྟབས་བདེའི་གཞི་རྒྱུ་དང་ཟུང་འབྲེལ་བྱས་ནས་ཇུས་འགོད་བྱས་པའི་རྗེ་འབུམ་སྒང་གི་གཡེར་དྲིལ་ལྟ་བུ་དང་། དེ་བཞིན་དུ་ཀྲུང་གོའི་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེ་མོའི་ཐོག་ཏུ་དངུལ་གྱི་བྱ་དགའ་ཐོབ་མྱོང་བའི“མར་ཁུ། ཧི་མ་ལ་ཡའི་ལག་རྟགས”ཞེས་པའི“མ་ཎི་རྡོ་འབུམ་གྱི་བསུང་ཞིམ”ལན་པར་གྱི་སྤུས་རྟགས་ཐོན་རྫས་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འདྲེན་ཤུགས་ལ་བརྟེན་ནས། གཟིགས་མོ་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་པ་དང་། ཚང་མས་གངས་ལྗོངས་ས་མཐོར་རེ་སྙེག་བྱེད་འདོད་ཀྱི་བརྩེ་སེམས་མཚོན་པར་བྱས་ཡོད།

གཟིགས་མོ་བས་བོད་ལྗོངས་འགྲེམས་ཁང་གི“མ་ཎི་རྡོ་འབུམ་གྱི་བསུང་ཞིམ”དང“ རྗེ་འབུམ་སྒང་གི་གཡེར་དྲིལ”ཞེས་པའི་འགྲེམ་རྫས་ལ་ལྟ་བཞིན་པ།

        བོད་ལྗོངས་ཀྱི་ཉོ་ཚོང་ཚོགས་པའི་འགན་འཁུར་བས།“ ‘ཀྲུང་གོའི་ལོ་བཅུ་པོ་འདི་དག’ཅེས་པའི་སྐབས་འདིའི་འགྲེམ་ཚོགས་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་གྲུབ་འབྲས་འགྲེམ་ཚོགས་ལ་ཞུགས་པ་བརྒྱུད། དུས་རབས་གསར་པའི་བོད་ལྗོངས་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་གཟུགས་བརྙན་གསར་པ་དང་གྲུབ་འབྲས་གསར་པ་ཁྱོན་ཡོངས་ནས་མངོན་པར་བྱས་པ་དང་། བོད་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་དང་ལེགས་ལྡན་ཐོན་ལས་དྲིལ་བསྒྲགས་ཧུར་ཐག་བྱས་ནས་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་ཡོད” གོམ་སྟབས་རྗེས་མར། བོད་ལྗོངས་ཀྱིས་ནང་འདྲེན་དངོས་མང་འགྲེམ་ཚོགས་སྐབས་ལྔ་པ་དེ་ཆུ་ཚད་མཐོ་བའི་སྒོ་དབྱེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་ཚད་རྡོ་རིང་གསར་པ་ཞིག་ལ་བརྩིས་ནས། མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་སྲིད་ཇུས་དང་ལམ་ལུགས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཁོར་རྒྱུག་གི་དྲ་རྒྱ་འཐུས་སྒོ་ཚང་དུ་བཏང་སྟེ། སྒོ་དབྱེའི་རྣམ་པའི་ལས་སྟེགས་བསྐྲུན་རྒྱུ་གཞི་རྟེན་དུ་བྱས་ནས། ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་། ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་དེ་བས་མང་པོ་བོད་ལྗོངས་སུ་ཡོང་ཐུབ་པ་དང་གཞིས་ཆགས་ཐུབ་པ། བོད་ལྗོངས་སུ་རྩ་བ་ཚུགས་ཤིང་ཁོ་ལག་རྒྱས་ཐུབ་པ། བོད་ལྗོངས་ཀྱི་སྒོ་དབྱེ་དང་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་མཉམ་སྤྱོད་ཐུབ་པ་བཅས་བྱས་ནས། གངས་ལྗོངས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་ལེའུ་གསར་པ་ཞིག་རྩོམ་དགོས་ཞེས་བསྟན།

གཟིགས་མོ་བས་བོད་ལྗོངས་འགྲེམས་ཁང་གི“མ་ཎི་རྡོ་འབུམ་གྱི་བསུང་ཞིམ”དང“ རྗེ་འབུམ་སྒང་གི་གཡེར་དྲིལ”ཞེས་པའི་འགྲེམ་རྫས་ལ་ལྟ་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1