ཡུལ་སྐོར་བས་བྱ་སྤྱོད་མི་ལེགས་པ་བྱས་ཚེ་ཐོ་འགོད་ཐག་གཅོད་བྱ་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-14


 

         རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་གཏན་འབེབས་བྱས་པའི་《ཡུལ་སྐོར་བའི་བྱ་སྤྱོད་མི་ལེགས་པ་ཐོ་འགོད་དོ་དམ་བྱ་བའི་གནས་སྐབས་ཀྱི་ཐབས་ལམ།》(གཤམ་ནས《ཐབས་ལམ།》ཞེས་བསྡུས་འབྲི་བྱས་ཡོད།)ཞེས་པ་ཉེ་ཆར་ལག་བསྟར་བྱེད་འགོ་བརྩམས། ཐབས་ལམ་དེ་ལ་ཡུལ་སྐོར་ལས་རིགས་གཉེར་མཁན་ཚོས་ཡུལ་སྐོར་བའི་མིང་ཐོ་ནག་པོ་ཞེས་འབོད་བཞིན་ཡོད། ཞིན་ཅིན་ཚགས་པར་ཁང་གི་གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཡུལ་སྐོར་བའི་ཀུན་སྤྱོད་མི་ལེགས་པའི་གནས་ཚུལ་ལོ་གཅིག་ནས་གཉིས་བར་ཉར་ཚགས་བྱ་རྒྱུ་ཡིན་ལ། གནས་ཚུལ་དེ་ཡིས་ཡུལ་སྐོར་བ་བསྐྱར་དུ་ཡུལ་སྐོར་འགྲོ་བར་ཤུགས་རྐྱེན་ཡོད་ལ། ཚབས་ཆེ་བ་དག་ནི་ཐ་ན་ཕྱི་རྒྱལ་དུ་འགྲོ་བ་དང་དངུལ་ཁང་ནས་ཡིད་རྟོན་དངུལ་བུན་ལེན་པ་སོགས་ལ་ཤུགས་རྐྱེན་ཡོད་པ་རེད།


   《ཐབས་ལམ།》དུ་གཏན་འབེབས་བྱས་པ་ལྟར་ན། ཞིང་ཆེན་རིམ་པའི་ཡུལ་སྐོར་དོ་དམ་སྡེ་ཁག་གིས་སྲིད་འཛིན་ས་ཁུལ་དེའི་ཡུལ་སྐོར་བའི་བྱ་སྤྱོད་མི་ལེགས་པ་ཐོ་འགོད་བྱ་དགོས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡུལ་སྐོར་དོ་དམ་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་ཡུལ་སྐོར་བའི་བྱ་སྤྱོད་མི་ལེགས་པ་ཐོ་འགོད་བྱ་དགོས་པ་རེད། ཞིང་ཆེན་རིམ་པའི་ཡུལ་སྐོར་བའི་བྱ་སྤྱོད་མི་ལེགས་པའི་ཟིན་ཐོ་ནི་རིམ་པ་འོག་མའི་ཡུལ་སྐོར་དོ་དམ་སྡེ་ཁག་གིས་ཡར་སྤྲད་པ་དང་། ཡང་ན་སྨྱན་སྦྱོར་ཚན་ཁག་གིས་བསྒྲགས་གཏོང་བྱས་པ། སྤྱི་ཚོགས་ཀྱིས་ཞུ་གཏུག་བྱས་པ་སོགས་མང་པོ་བརྒྱུད་ནས་གཅིག་བསྡུས་བྱ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1