ལས་ཐོན་བསྐྱར་ཚུགས་ཀྱི་གོམ་སྟབས་མགྱོགས་སུ་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 11-21


འདི་ནི་ཀུང་སི་དེའི་ལས་མིས་སྤོས་བཟོ་བཞིན་པ།

        ཉིན་ཤས་བསྟུད་མར་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག ལྷ་ས་གྲོང་ཁྱེར་གྱིས་ལས་ཐོན་བསྐྱར་ཚུགས་དང་ཚོང་ཁྲོམ་བསྐྱར་ཚུགས་ཀྱི་གོམ་སྟབས་མགྱོགས་སུ་བཏང་ཡོད།

        ལྷ་ས་གྲོང་ཁྱེར་སྟག་རྩེ་བཟོ་ལས་གླིང་དུ་གནས་པའི་སྲོལ་རྒྱུན་གྱི་སྤོས་ཀྱི་རིག་གནས་རྒྱུན་འཛིན་ལ་གཞོལ་མཁན་བོད་ལྗོངས་གཡུ་དགེ་ཚང་བཟོ་ཚོང་ཚད་ཡོད་ཀུང་སིས་མིག་སྔར་རྒྱུ་ཆ་མཁོ་འདོན་བྱེད་མཁན་དང་རང་འགུལ་ངང་འབྲེལ་གཏུག་ཧུར་ཐག་བྱས་ཏེ་ཐོན་སྐྱེད་ལྷུ་ཚིཌ་ལ་དམ་འཛིན་བྱས་ནས་ནུས་ཤུགས་ཡོད་རྒུས་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་མང་ཚོགས་ཀྱི་དགོས་མཁོ་སྐོང་བཞིན་ཡོད་པ་རེད། ཀུང་སི་དེའི་ལྷ་ས་གྲོང་ཁུལ་དུ་ཡོད་པའི་ཆེད་ཚོང་ཁང་བཞི་ཡང་ཚོང་གཉེར་སླར་གསོ་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1