མཁར་སར་ཡུལ་ཚོས་སྤྲུ་ནག་འདེབས་འཛུགས་བྱས་ཏེ་ཐོན་ལས་དར་སྤེལ་ལ་སྐུལ་འདེད་བཏང་།

ཛམ་དཀར་སྐྱབས། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-21


        ཉེ་ལམ།   རྔ་བ་རྫོང་མཁར་སར་ཡུལ་ཚོས་སྤྲུ་ནག་གི་གསོ་མྱུག་5000ཚོད་ལྟའི་འདེབས་འཛུགས་བྱས་ཏེ།  མཁར་སར་ཡུལ་ཚོའི་ཐོན་ལས་དར་སྤེལ་ལ་རྨང་གཞི་བརྟན་པོ་བཞག  །མཁར་སར་ཡུལ་ཚོས་གྲོང་གསེབ་དར་སྤེལ་ཁྲོད་བྱེད་ཐབས་གསར་བར་བསམ་གཞིགས་བཏང་སྟེ།  ས་གནས་ཀྱི་དཔལ་འབྱོར་སྣ་ཚོགས་འཕེལ་རྒྱས་གཏོང་བར་ཚོད་ལྟ་བྱས།  བེ་ནག་མོག་རོ་དང་ནས་ནག་སོགས་ཀྱི་ཐོན་འབབ་འཕར་བར་ཧུར་བརྩོན་བྱས། ད་ཐེངས་སྤྲུ་ནག་འདེབས་འཛུགས་ཚོད་ལྟ་བྱས་པ་དང་།  མཁར་སར་ཡུལ་ཚོས་ས་གནས་ཀྱི་ས་གནག་གི་ས་གཤིས་དང་མཚོ་འཕགས།  གནམ་གཤིས་སོགས་ཀྱི་ཆ་རྐྱེན་ལ་བརྟག་དཔྱད་ཞིབ་འཇུག་ཡང་དག་བྱེད་པ།  ཆེད་ལས་མཛུབ་སྟོན་མི་སྣར་འབྲེལ་གཏུགས་བྱས་པ་བརྒྱུད།    མཁར་སར་ཡུལ་ཚོར་སྤྲུ་ནག་འདེབས་འཛུགས་ཀྱི་ཆ་རྐྱེན་ཡོངས་ཤེས་རྟོགས་བྱུང་།  སྤྲུ་ནག་ནི་རྒྱུན་བཀོལ་གྱི་ཀྲུང་ལུགས་སྨན་རྩྭ་ཞིག་ཡིན།  མཚོ་འཕགས་སྨི་2500དང་4500གཉིས་ཀྱི་བར་མཚམས་ཀྱི་རི་ངོས་སུ་སྐྱེས་ཡོད། སྤྲུ་ནག་འདེབས་འཛུགས་ཀྱིས་མང་ཚོགས་ཀྱི་ཡོང་འབབ་འཕར་བ་མ་ཟད།  རང་ས་གནས་ནས་ལས་ཞུགས་ཐུབ་པ་མངོན་འགྱུར་བྱུང་། །(པར་དང་རྩོམ་རྔ་བ་རྫོང་སྨྱན་སྦྱོར་ལྟེ་གནས་ཀྱིས་མཁོ་འདོན་བྱས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1