སི་ཁྲོན་གྱི་སློབ་གྲྭ་ཁག་ཏུ་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་འཛམ་གླིང་གིས་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་རྗེས་དྲན་བྱེད་སྒོ་སྤེལ།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-14


           ད་ལོ་ནི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་འཛམ་གླིང་གིས་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་ལོ་ཡིན་པས། གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་གདོང་མཆོངས་དཔའ་བོ་དག་གི་རྒྱལ་གཅེས་སྙིང་སྟོབས་ལ་རྗེས་དྲན། གསར་བརྗེའི་སྙིང་སྟོབས་རྒྱུད་འཛིན་དང་། མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་བཅས་གཏང་བའི་ཆེད་དུ། སི་ཁྲོན་ལྷོ་ནུབ་མཁའ་འགྲུལ་ཆེད་ལས་སློབ་གླིང་དང་སི་ཁྲོན་ལྷོ་ནུབ་མཁའ་འགྲུལ་ཆེད་སྦྱོང་སློབ་གླིང་། ཁྲེན་ཏུའུ་མཁའ་འགྲུལ་ཡུལ་སྐོར་ལས་རིགས་སློབ་ཆེན་བཅས་ཀྱིས་དུས་གཅིག་ཏུ། འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་འཛམ་གླིང་གིས་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་རྗེས་དྲན་བྱེད་སྒོ་སྤེལ་ཡོད་ཅིང་། སློབ་གྲྭའི་དགེ་སློབ་རྣམས་ཀྱིས་མུ་མཐུད་ནས་གསར་བརྗེའི་སྲོལ་བཟང་རྒྱུད་འཛིན་དར་སྤེལ་གཏང་བ་དང་། སློབ་མ་ཚོར་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་ཆགས་པར་སྐུལ་འདེད་བཏང་ཡོད། ཐེངས་འདིའི་རྗེས་དྲན་བྱེད་སྒོ་ཡིས་སློབ་གྲྭའི་དགེ་སློབ་རྣམས་ཀྱི་ལོ་རྒྱུས་ཀྱི་འགན་འཁྲིའི་བསམ་བློ་ཇེ་དྲག་ཏུ་བཏང་ཡོད་ལ། སློབ་གླིང་གི་རིག་གནས་དཔལ་ཡོན་དང་ཞི་མཐུན་གྱི་སློབ་ར་འཛུགས་པར་སྐུལ་སྤེལ་བཏང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1