2022ལོའི་ཁ་ཐར་འཛམ་གླིང་བུམ་པ་འགོ་ཚུགས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-22



        ས་གནས་དེ་གའི་དུས་ཚོད་ཟླ་11པའི་ཚེས་20ཉིན་གྱི་ཆུ་ཚོད་17དང་སྐར་མ་40ཐོག །2022ལོའི་ཁ་ཐར་འཛམ་གླིང་བུམ་པའི་འགོ་ཚུགས་མཛད་སྒོ་དེ།མཚོ་ཁུག་སྤོ་ལོ་ར་བ་རུ་སྤེལ་བ་རེད།

        འགོ་ཚུགས་མཛད་སྒོའི་ཐོག །《ཚེ་སྲོག་གི་བུམ་པ》དང་《Waka Waka》སོགས། སྐབས་རིམ་བྱུང་གི་འཛམ་གླིང་བུམ་པའི་གླུ་དབྱངས་བསྐྱར་དུ་བླངས་པ་དང་།ཤིས་རྟེན་བསྐྱར་དུ་བཏོན་པས། སེམས་པ་སྤྲོ་བས་ཁེངས་ཡོད།

        ལྟ་ན་སྡུག་པའི་ཚོན་ཁྲའི་ཤོག་སྦག་ཁྲོད། བགྲང་བྱ་4ལ་རེ་སྒུག་བྱས་པའི་རྐང་རྩེད་སྤོ་ལོའི་གསོལ་སྟོན་གཟབ་རྒྱས་དེ། དངོས་སུ་འགོ་ཚུགས་པ་རེད།

        རྒྱལ་ཁབ་རུ་ཁག་32དེ། རྐང་རྩེད་སྤོ་ལོའི་ཁྱབ་ཁོངས་ཀྱི་ཆེས་མཐོའི་གར་སྟེགས་སུ་ལྷན་འཛོམས་བྱུང་ཞིང་། ཉིན་28རིང་། འགྲན་བསྡུར་ཐེངས་64ཡོད་ལ། ཕུགས་འདུན་ཁྲོད་ཀྱི་ལྷ་བུམ་མཐུ་མོ་ཆེའི་ཆེད་དུ་འགྲན་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1