༄༅། །སྨན་འདི་དག་གིས་མཁལ་མ་ལ་གནོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-23


        ངག་རྒྱུན་དུ།“སྨན་གྱི་ཆ་གསུམ་དུག་ཡིན”ཞེས་པའི་དོན་ནི་གང་འདོད་ལྟར་སྨན་འཐུང་མི་རུང་སྟེ། སྨན་མང་པོ་ཞིག་ལ་སྨན་བཅོས་བྱེད་པ་ལས་གཞན་ད་རུང་ཞོར་སྐྱོན་ཡང་ཡོད་ཅེས་པ་དེ་ཡིན།


    སྨན་འཐུང་ནོར་བྱས་ན་མཁལ་མ་ལ་གནོད་དམ།

        སྨན་པས་བཤད་རྒྱུར། སྨན་ཁ་ཤས་ཤིག་གིས་མཁལ་མར་ཁྲག་འདོན་པར་ཤུགས་རྐྱེན་བཟོ་བ་མ་ཟད། ད་དུང་སྨན་ཁ་ཤས་མཁལ་མ་ནས་བསགས་ཏེ་མཁལ་མ་ལ་གནོད་འཚེ་བཟོ་སྲིད།

 སྨན་གང་དག་གིས་མཁལ་མ་ལ་གནོད་འཚེ་བཟོ་སྲིད་དམ།

        གཉན་གཅོག་ཟུག་འཇོམས་སྨན། ཚ་བ་གཅོག་བྱེད་ཀྱི་སྨན་བསྟེན་དྲགས་ན་ལུས་པོའི་ནང་གི་ཆུ་རྨེན་རྒྱུ་རྙིང་ཚབ་གསར་བྱེད་ལ་གནོད་ནས་མཁལ་མ་ལ་ཟུངས་ཁྲག་མ་འདང་བའི་དབང་གིས་རྨས་སྐྱོན་བཟོ་གི་ཡོད། དུས་ཡུན་རིང་བོར་ཟུག་འཇོམས་སྨན་བསྟེན་དྲགས་པས་བསླངས་པའི་དལ་གཤིས་རང་བཞིན་གྱི་མཁལ་ཚད་ལ་ཟུག་འཇོམས་སྨན་གྱི་མཁལ་མའི་ནད་ཟེར། དེའི་ཕྱིར་བསྟེན་ཚད་ཁོང་དུ་ཆུད་པར་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན།

        དུག་སྲིན་འགོག་སྨན་ལ་ལས་མཁལ་མ་ལ་གནོད་འཚེ་གཏོང་གི་ཡོད། དུག་སྲིན་འགོག་སྨན་རིགས་ཀྱི་གཉན་ཁ་འཇོམས་པའི་སྨན་ནི་སྨན་པའི་ངག་བཞིན་བསྟེན་དགོས་པ་ལས་མང་དྲགས་མི་རུང་།

 ཆམ་པ་ཕོག་མ་ཐག་པའི་དུས་སུ་ཚད་བསྣན་ནས་སྨན་བཏུང་ན་མགྱོགས་པོར་དྲག་ཐུབ་བམ།

        ཆམ་སྨན་ཚད་ལས་འདས་པ་འཐུང་ན། སྨན་ནུས་ཇེ་ཆེར་སོང་བ་དང་མཉམ་དུ། ཞོར་སྐྱོན་ཡང་ཇེ་ཆེར་འགྲོ། ལྷག་པར་དུ་མཁལ་མའི་ནུས་པ་ཞན་པའི་ནད་པའི་ཁྲག་གི་ཤོང་ཚད་མི་འདང་བ་དང་འགུལ་སྐྱོད་དྲག་པོ་བྱེད་པ་སོགས་ཀྱི་གནས་ཚུལ་འོག་ནད་སློང་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད།

 ཆམ་སྨན་བསྟེན་པའི་དུས་སུ་ཆང་འཐུང་ཆོག་གམ།

        ཆམ་པ་ཕོག་དུས་སྨན་གཟའ་འཁོར་གཉིས་རིང་འཐུང་བའི་སྐབས་ཆང་འཐུང་མི་ཆོག སྨན་པས་སྨན་མང་པོ་ཞིག་ལ་ཆང་བཅུད་དང་ཕན་ཚུན་ནུས་པ་ཐོན་གྱི་ཡོད་པས་ནད་པར་སྐྱུགས་མེར་ལངས་པ་དང་། བྲང་ཁ་མི་བདེ་བ། དབུགས་འབྱིན་རྔུབ་དཀའ་བ་བཅས་ཀྱི་ནད་རྟགས་ཐོན་གྱི་ཡོད་ཅེས་དྲན་སྐུལ་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1