ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སྒྲོག་འགྲེལ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 11-24


        ཉེ་ཆར།  རྔ་བ་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་སྟག་ཚ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ་ལྷ་མོ་དགོན་པ་དང་སྟག་ཚ་དགོན་པར་ཕྱིན་ཏེ།  ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སྒྲོག་འགྲེལ་བྱས།

        སྟག་ཚ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོས་སྒྲོག་འགྲེལ་གྱི་བརྗོད་དོན་གཙོ་བོར་དམིགས་ཏེ།  ཁ་གསལ་ཞིང་གོ་བདེའི་ལམ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སྒྲོག་འགྲེལ་བྱས།  འདས་སོང་གི་མི་ལོ་ལྔའི་ལས་དོན་དང་དུས་རབས་གསར་བའི་ལོ་བཅུའི་རླབས་ཆེན་གྱི་འཕོ་འགྱུར་སོགས་ཀྱི་ཐད་ནས་སྒྲོག་འགྲེལ་གནད་དུ་ཐིངས་པར་བྱས།

        ཁོང་གིས།  ཆོས་པ་དག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག  ལག་ལེན་བཅས་སྔོན་དུ་བཏང་སྟེ།  ཆོས་ལུགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པར་བྱས་ནས་ཏང་གི་དྲིན་དྲན་ཞིང་ཏང་གི་བཀའ་བརྩི་བ།  ཏང་གི་རྗེས་འབྲང་དགོས་པར་བཤད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1