མི་སེར་སྡོད་སར་འབར་མདེལ་དབྱུགས་པར་ཁྲིམས་ཐག་བཅད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-28


        ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་23ཉིན། ཧོ་ལན་གྱི་ཧའེ་ཡ་ས་གནས་ཁྲིམས་ཁང་གིས་2007ལོར་ཧོ་ལན་གྱིས་ཨ་ཧྥུ་ཀ་ནི་སི་ཐན་དུ་ཁྲིམས་འགལ་ངང་སྡོད་ཁང་ཁུལ་ཞིག་ལ་འབར་མདེལ་དབྱུགས་ནས་མི་སེར་བཅུ་གྲངས་རྐྱེན་ལམ་དུ་ཤོར་བར། ཧོ་ལན་སྲིད་གཞུང་གིས་འཇབ་རྒོལ་གྱི་གནོད་འཚེ་ཕོག་མཁན་ལ་སྐྱིན་ཚབ་སྤྲོད་དགོས་ཞེས་ཁྲིམས་ཐག་བཅད་མོད། འོན་ཀྱང་ཞིབ་ཕྲའི་སྐྱིན་གསབ་དངུལ་གྲངས་དེ་མུ་མཐུད་ཐག་གཅོད་བྱ་རྒྱུར་ལུས་ཡོད་པ་རེད།

        ཧོ་ལན་སྲིད་གཞུང་གིས་སྡོད་ཁང་ཁུལ་དེ་དམག་དོན་གྱི་དམིགས་ཡུལ་ཐད་སྤྱོད་ཀྱི་ཡོད་པས་འབར་མདེལ་དབྱུགས་པའི་བྱ་སྤྱོད་དེ་ནི་ཁྲིམས་དང་མཐུན་པ་ཞིག་རེད་ཅེས་བཤད་མོད། འོན་ཀྱང་ཧོ་ལན་ཁྲིམས་ཁང་གིས་སྡོད་ཁང་དེ་དམག་དོན་དམིགས་ཡུལ་དུ་སྤྱོད་པ་ར་སྤྲོད་བྱེད་པའི་དཔང་རྟགས་ཁུངས་བཙན་མེད་པ་མ་ཟད། དྲག་ཆས་དཔུང་སྡེས་ས་ཁུལ་དེར་མི་སེར་བསྡད་ཡོད་པ་ཤེས་རྟོགས་ཐུབ་ཡོད་ཅེས་བཤད་པ་རེད།

        ཁྲིམས་ཁང་གིས་ཐེངས་དེའི་འབར་མདེལ་དབྱུགས་པ་དེ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ཁྲོད་ཀྱི་དབྱེ་འབྱེད་རྩ་དོན་ལས་འགལ་བ་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད། ཁྲིམས་ཁང་གིས་དུས་མཚུངས་སུ་ཧོ་ལན་སྲིད་གཞུང་གིས་གཏུག་བཤེར་གྱི་གོ་ཆོད་དུས་ཡུན་ལ་དམིགས་ནས་བཏོན་པའི་གོང་གཏུག་ཕྱིར་སློག་བྱས་པ་རེད།

        གཏུག་བཤེར་དེ་འབར་མདེལ་དབྱུགས་པའི་དོན་རྐྱེན་དེའི་ཁྲོད་ཀྱི་སྟེས་དབང་ངང་གསོན་པའི་མི་4ཡིས་ཞུ་གཏུག་བྱས་ནས་ཧོ་ལན་སྲིད་གཞུང་ལ་སྐྱིན་ཚབ་སྤྲོད་དགོས་པའི་རེ་བ་བཏོན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1