ཤུག་རི་མཛེས་ལྗོངས་ཁུལ་དུ་ཤྭ་སྐྱའི་ཁྱུ་ཚོགས་མངོན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 11-28



        ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ཤུག་རི་མཛེས་ལྗོངས་ཁུལ་དུ་ཤྭ་སྐྱའི་ཁྱུ་ཚོགས་རི་ཀླུང་ཀུན་ཏུ་རྒྱུ་ཞིང་རྩེད་འཇོར་རོལ་བཞིན་ཡོད།

        ཤྭ་སྐྱ་ནི་རང་རྒྱལ་ཁོ་ནར་ཡོད་པའི་ཤྭ་བའི་རིགས་ཡིན་པར་མ་ཟད། དེ་ནི་དཔེ་མཚོན་ཅན་གྱི་མཐོ་གྲང་སྲོག་ཆགས་ཤིག་ཀྱང་ཡིན། དེ་དག་ས་བབ་སྨི་3500-5100བར་འཚོ་སྡོད་བྱེད་བཞིན་ཡོད་ལ། གཙོ་བོ་མཚོ་བོད་མཐོ་སྒང་དང་མཐའ་མཚམས་ས་ཁུལ་གྱི་རྩྭ་ཐང་རི་ཁུལ་དུ་ཁྱབ་ཅིང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན།

        ཉེ་བའི་ལོ་འགའི་རིང་། སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་བསྟུན། སྔོན་ཆད་མཐོང་དཀོན་པའི་རི་སྐྱེས་སྲོག་ཆགས་མཐོང་ཐུབ་པར་གྱུར། སྐྱེ་ཁམས་ཁོར་ཡུག་བཟང་བོས་རི་སྐྱེས་སྲོག་ཆགས་ཀྱི་རྒྱུད་སྤེལ་དང་བབ་སྡོད་ལ་འཚོ་གནས་ཀྱི་ཡུལ་ཁམས་བསྐྲུན་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1