༄༅།། བྱིས་པའི་འགོག་སྲུང་ཇི་ལྟར་བསྒྲུབ་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་ཁྲིམས་ལུགས་ཚགས་པར། སྤེལ་དུས། 11-29


       

        གཅིག ངལ་གསོའི་དུས་ཚོད་བཀོད་སྒྲིག་ལེགས་པོ་བྱས་ཏེ་འཚོ་བཅུད་ལྡན་པའི་ཟ་མ་དོ་མཉམ་ཡོང་བར་བྱ་དགོས་ལ། ཚན་རིག་ལྟར་འོས་འཚམས་ཀྱིས་ལུས་རྩལ་སྦྱོང་བརྡར་བྱས་ནས་ལུས་པོའི་རིམས་འགོག་ནུས་པ་མཐོར་འདེགས་སུ་གཏང་དགོས།

        གཉིས། མི་སྒེར་གྱི་གཙང་སྦྲར་དོ་སྣང་བྱེད་པ་དང་། ཉིན་རྒྱུན་གྱི་འཚོ་བའི་མཁོ་ཆས་ཁེར་རྐྱང་དུ་བཀོལ་སྤྱོད་བྱ་དགོས་ལ། དུས་རྒྱུན་རྩེད་ཆས་གཙང་མར་བཀྲུ་དགོས།

        གསུམ། བྱིས་པའི་ཁང་པའི་གཙང་སྦྲ་རྒྱུན་འཁྱོངས་བྱས་ནས། དུས་དང་མཐུན་པའི་ངང་སྒོ་དང་དྲ་མ་ཕྱེ་སྟེ་མཁའ་རླུང་གསར་པ་འདང་ངེས་ཡོང་བར་འགན་ལེན་བྱ་དགོས།

        བཞི། གང་ནུས་ཅི་ཐུབ་ཀྱིས་སྒོའི་ཕྱི་ལ་ཉུང་འགྲོ་བྱ་དགོས་ཏེ། ངེས་པར་འགྲོ་དགོས་ཚེ་ཚད་ལྡན་ལྟར་ཁ་ཐུམ་རྒྱག་དགོས་ལ། ཁ་ཐུམ་རློན་པར་བཏང་བའམ་སྦག་བཙོག་བཟོས་ཚེ་དུས་ཐོག་ཏུ་ཁ་ཐུམ་གསར་པར་བརྗེ་དགོས།

        

        ལྔ། བྱིས་པ་སྨན་པར་སྟོན་པའམ་འགོག་ཁབ་རྒྱག་པའི་དུས་ཚོད་གང་ནུས་ཅི་ཐུབ་ཀྱིས་ཇེ་ཉུང་དུ་གཏང་དགོས་ལ། ཕྱིར་ཁྱིམ་དུ་ལོག་མ་ཐག་དུས་ཐོག་ཏུ་ལག་པ་གཙང་མར་བཀྲུ་དགོས།

    

        དྲུག མིག་གི་གཙང་སྦྲར་མཉམ་འཇོག་བྱས་ཏེ། རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་ལེགས་པོར་བསྒྲུབ་དགོས།

    

        བདུན། ཁྱིམ་བདག་དང་ལྟ་སྐྱོང་མི་ལ་ཚ་རྒྱག་པའམ་སྐམ་ལུ་བྱེད་པ། མུད་པ་འགག་པ་སོགས་ཀྱི་ནད་རྟགས་བྱུང་ཚེ། གང་ནུས་ཅི་ཐུབ་ཀྱིས་བྱིས་པ་དང་ཐད་ཀར་འབྲེལ་འདྲིས་བྱེད་པར་སྔོན་འགོག་བྱ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1