བློ་མཐུན་ཅང་ཙེ་རྨིན་གྱི་འདས་མཆོད་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-02



(ཨང་2པ)

        བློ་མཐུན་ཅང་ཙེ་རྨིན་གྱི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་དམིགས་བསལ་ཕྱག་རྗེས་དང་། དེ་མིན་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་ལ་གཞིགས་ནས། ད་ལྟ་གཏན་འབེབས་འདི་ལྟར་བྱ་རྒྱུར།

        (གཅིག)སྤྱི་ཟླ་12པའི་ཚེས་6ཉིན་གྱི་སྔ་དྲོའི་ཆུ་ཚོད་10པའི་ཐོག །ཏང་ཀྲུང་དབྱང་དང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོག་རྒྱུ་རེད། མྱ་ངན་ཞུ་བའི་ཚོགས་ཆེན་ཡུལ་དངོས་ཐད་གཏོང་བྱ་རྒྱུ་ཡིན་ཏེ། ས་གནས་ཁག་དང་སྡེ་ཁག་སོ་སོས་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་བལྟ་ཉན་བྱེད་པར་རྩ་འཛུགས་ནན་མོ་བྱེད་དགོས།

        (གཉིས།)མྱ་ངན་ཞུ་བའི་ཚོགས་ཆེན་གྱི་ཉིན་དེར། རྒྱལ་ཡོངས་དང་ཕྱི་རྒྱལ་དུ་བཅའ་སྡོད་བྱས་པའི་རང་རྒྱལ་གྱི་གཞུང་ཚབ་དོན་གཅོད་ཁང་དང་། དེ་མིན་ཕྱིར་སྡོད་ལས་ཁུངས་གཞན་དག་གིས་རྒྱལ་དར་ཕྱེད་ཀར་མར་ཕབ་ནས་མྱ་ངན་ཞུ་དགོས་པ་དང་། སྤྱི་པའི་རོལ་རྩེད་བྱེད་སྒོ་ཉིན་གཅིག་ལ་སྤེལ་མཚམས་འཇོག་དགོས།

        (གསུམ)སྤྱི་ཟླ་12པའི་ཚེས་6ཉིན་གྱི་སྔ་དྲོའི་མྱ་ངན་ཞུ་བའི་ཚོགས་ཆེན་ཐོག་ངག་བསྡམས་མྱ་ངན་ཞུ་བའི་སྐབས་སུ། རྒྱལ་ཡོངས་མི་དམངས་ཀྱིས་སྐར་མ་3ལ་ངག་བསྡམས་མྱ་ངན་ཞུ་དགོས་པ་དང་། རླངས་དུང་ཡོད་ས་ནས་དུང་བརྡ་སྐར་མ་3ལ་བསྒྲག་དགོས་པ། མཁའ་ཟོན་ཉེན་བརྡ་སྐར་མ་3ལ་བསྒྲག་དགོས།

        (བཞི)སྐུ་ཕུང་ལ་ཞལ་གྱེས་ཞུ་བའི་མཛད་སྒོ་སྤེལ་རྒྱུ་མིན་པ།

        དེ་དོན་ཆེད་དུ་སྤྱི་བསྒྲགས་བྱས་པ།

        བློ་མཐུན་ཅང་ཙེ་རྨིན་གྱི་འདས་མཆོད་ཨུ་ཡོན་ལྷན་ཁང་ནས།

2022ལོའི་ཟླ་12པའི་ཚེས་1ཉིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1