གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-05


        ད་ལོའི་ཟླ་8པའི་ཚེས་22ཉིན། གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྤྱི་ལེ་50ཡི་ཚོད་ལྟའི་ལམ་དུམ་གྱི་ཆེས་མཐའ་མཇུག་གི་ཨར་འདམ་ལམ་རྡོ་ལེགས་གྲུབ་བྱུང་བ་དང་། ཟླ་10བའི་ཚེས་23ཉིན། ཤར་གཏོང་ཚོད་ལྟའི་ལ་ཐིག་གཙོ་བོའི་ལམ་ངོས་ཚང་མ་བཏིངས་པ་རེད། ཟླ་11པའི་ཚེས་20ཉིན། ཤར་གཏོང་ཚོད་ལྟའི་ལམ་དུམ་གྱིས་ཕྱོགས་གསུམ་པའི་ཨར་ལས་རྩིས་སྤྲོད་ཞིབ་བཤེར་རྩིས་ལེན་ལས་ཀ་ལེགས་འགྲུབ་བྱུང་ནས་མཇུག་སྒྲིལ་བར་གྲ་སྒྲིག་བྱེད་པའི་དུས་རིམ་ལ་སླེབས་ཤིང་། ལས་གཉེར་བ་དག་གིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་ལོ་མཇུག་ཏུ་གཞུང་ལམ་ཤར་གཏོང་མངོན་འགྱུར་བྱ་རྒྱུ་རེད།

        རྒྱུས་ལོན་བྱུང་བ་ལྟར་ན། གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ལས་ལམ་གཞིའི་རྣམ་གྲངས་95%དང་། ཟམ་པའི་རྣམ་གྲངས་76%དང་།  ཕུག་ལམ་གྱི་རྣམ་གྲངས་55%དང་། ལམ་ངོས་རྣམ་གྲངས་26%བཅས་ལེགས་གྲུབ་བྱུང་ཡོད་པ་དང་།  གཞུང་ལམ་ཤར་གཏོང་མངོན་འགྱུར་བྱེད་པའི་དམིགས་འབེན་འགྲུབ་པར་གོམ་སྟབས་ཆེན་པོ་སྤོས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1