བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་ཚེ་ཧྲིལ་པོའི་སྐུ་པར།(དང་པོ)

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-05


འདི་ནི་1947ལོར་བློ་མཐུན་ཅང་ཙེ་རྨིན་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གྱི་མཐར་ཕྱིན་སྐུ་པར་རེད།

1955ལོ་ནས་1956ལོའི་བར། བློ་མཐུན་ཅང་ཙེ་རྨིན(གཡས་ཀྱི་གཉིས་པ)ལགས་མོ་སི་ཁོའི་སི་ཏ་ལིན་རླངས་འཁོར་བཟོ་གྲྭ་རུ་དངོས་སྦྱོང་གནང་མྱོང་བ། འདི་ནི་ཅང་ཙེ་རྨིན་སོགས་ཀྱིས་མོ་སི་ཁོ་རུ་བསྐྱོན་པའི་མཉམ་པར་རེད།

1956ལོར། བློ་མཐུན་ཅང་ཙེ་རྨིན་གྱིས(གཡོན་གྱི་བདུན་པ)ཁྲང་ཁྲུན་རླངས་འཁོར་བཟོ་གྲྭ་དང་པོར་བཟོ་གྲྭ་དེར་རོགས་སྐྲུན་བྱེད་བཞིན་པའི་སུའུ་ལེན་ཆེད་མཁས་པ་སོགས་དང་མཉམ་པར་བསྐྱོན་པ་རེད།

1963ལོའི་ཟླ་3པར། བློ་མཐུན་ཅང་ཙེ་རྨིན་གྱིས(མདུན་གྲལ་གྱི་གཡས་ཀྱི་ལྔ་པ)ཧྲང་ཧའེ་རུ་ཚན་གསུམ་བརྒྱུད་ལམ་ཐ་དད་ཀྱི་གློག་འཕྲུལ་ཆུང་གྲས་ཀྱི་རྒྱལ་ཡོངས་གཅིག་གྱུར་མུ་འབྲེལ་ཇུས་འགོད་ཀྱི་འགོ་ཁྲིད་ཚོ་ཆུང་གི་ཁོངས་མི་དང་མཉམ་པར་བསྐྱོན་པ་རེད།

1964ལོའི་ཟླ་6པར། བློ་མཐུན་ཅང་ཙེ་རྨིན་གྱིས(གྲལ་གཉིས་པའི་གཡས་དང་པོ)ཧྥ་རན་སིའི་ཨེ་ཁེ་སི་ལེ་པན་དུ་རྒྱལ་སྤྱིའི་གློག་བཟོའི་ཨུ་ལྷན་གྱི་གྲོས་ཚོགས་སུ་ཞུགས་སྐབས་ཚོགས་ཞུགས་འཐུས་མི་དང་མཉམ་པར་བསྐྱོན་པ་རེད།

1980ལོའི་ཟླ་10པའི་ཟླ་མཇུག །བློ་མཐུན་ཅང་ཙེ་རྨིན་གྱིས(མདུན་གྲལ་གྱི་གཡས་ཀྱི་གསུམ་པ)ཨེར་ལན་ཞང་ནུང་གསར་སྤེལ་ཆུས་སུ་གཟིགས་ཞིབ་གནང་སྐབས་གསར་སྤེལ་ཆུས་ཀྱི་འགན་འཁུར་པ་སོགས་དང་མཉམ་པར་བསྐྱོན་པ་རེད།

1984ལོའི་ཟླ་5པར། བློ་མཐུན་ཅང་ཙེ་རྨིན་གྱིས་པེ་ཅིན་འགྲེམ་སྟོན་ཁང་དུ་སྤེལ་བའི་རྒྱལ་ཡོངས་གློག་རྡུལ་ཐོན་རྫས་འགྲེམ་སྟོན་ཚོགས་འདུའི་ཐོག །རྒྱལ་སྤྱིའི་ཐག་རིང་ཁ་པར་ཚོད་ལྟའི་སྒོ་ནས་བེད་སྤྱད་དེ་རྒྱང་རིང་ཡུལ་གྱི་ལས་སྒྲུབ་མི་སྣར་འཚམས་འདྲི་གནང་བཞིན་པ།

1985ལོར། བློ་མཐུན་ཅང་ཙེ་རྨིན་ཧྲང་ཧའེ་གྲོང་ཁྱེར་གྱི་སྐབས་བརྒྱད་པའི་འཐུས་མིའི་ཚོགས་འདུ་ཐེངས་བཞི་པར་ཞུགས་པ་རེད།

1988ལོའི་ཟླ་10པར། བློ་མཐུན་ཅང་ཙེ་རྨིན་གྱིས་ཧྲང་ཧའེ་ཡི་ཚན་རིག་པ་རྒན་གྲས་ཚན་རིག་བྱ་གཞག་ལ་ཞུགས་ནས་ལོ་འཁོར་50ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་གནང་བཞིན་པ།

1989ལོའི་ཟླ་6པའི་ཚེས་23ཉིན་ནས་ཚེས་24ཉིན་བར། ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིན་དུ་འཚོགས། འདི་ནི་བློ་མཐུན་ཅང་ཙེ་རྨིན་གྱིས་གྲོས་ཚོགས་ཐོག་གསུང་བཤད་གནང་བཞིན་པ་རེད།

1989ལོའི་ཟླ་11པའི་ཚེས་6ཉིན་ནས་ཚེས་9ཉིན་བར། ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིན་དུ་འཚོགས། འདི་ནི་བློ་མཐུན་ཏེང་ཞའོ་ཕིང་དང་བློ་མཐུན་ཅང་ཙེ་རྨིན་གྱིས་བརྩེ་བའི་ཕྱག་འཇུ་གནང་བཞིན་པ་རེད།

1990ལོའི་ཟླ་7པའི་ཚེས་25ཉིན། བློ་མཐུན་ཅང་ཙེ་རྨིན་དང་བོད་རིགས་མང་ཚོགས་ཀྱིས་མཉམ་དུ་འོང་སྐོར་དུས་ཆེན་ལ་རོལ་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1